藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 161b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ལ་མངོན་པར་ཞེན། རྣམ་པར་ཐར་པ་བརྒྱད་ལ་མངོན་པར་ཞེན། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མངོན་པར་ཞེན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་།

D8.024.0161b01.01
2

སྨོན་པ་{མྱེད་,མེད་}པ་ལ་མངོན་པར་ཞེན། མངོན་པར་ཤེས་པ་རྣམས་ལ་མངོན་པར་ཞེན། ཏིང་ངེ་འཛིན་རྣམས་ལ་མངོན་པར་ཞེན། གཟུངས་ཀྱི་སྒོ་རྣམས་ལ་མངོན་པར་ཞེན། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་མངོན་པར་ཞེན། {མྱི་,མི་}འཇིགས་

D8.024.0161b02.01
3

པ་བཞི་ལ་མངོན་པར་ཞེན། སོ་སོ་ཡང་དག་པར་རིག་པ་བཞི་ལ་མངོན་པར་ཞེན། བྱམས་པ་ཆེན་པོ་ལ་མངོན་པར་ཞེན། སྙིང་རྗེ་ཆེན་པོ་ལ་མངོན་པར་ཞེན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ལ་མངོན་པར་ཞེན། རྒྱུན་ཏུ་ཞུགས་

D8.024.0161b03.01
4

པའི་འབྲས་བུ་ལ་མངོན་པར་ཞེན། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་མངོན་པར་ཞེན། ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ལ་མངོན་པར་ཞེན། དགྲ་བཅོམ་པ་ཉིད་ལ་མངོན་པར་ཞེན། རང་བྱང་ཆུབ་ལ་མངོན་པར་ཞེན། ལམ་གྱི་རྣམ་པ་ཤེས་པ་

D8.024.0161b04.01
5

ཉིད་ལ་མངོན་པར་ཞེན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མངོན་པར་ཞེན་ནས། གཟུགས་ཀྱིས་རློམ་སེམས་སུ་བྱེད་ཅིང་། གཟུགས་སུ་{དམྱིགས་,དམིགས་}སོ། །ཚོར་བས་རློམ་སེམས་སུ་བྱེད་ཅིང་། ཚོར་བར་{དམྱིགས་,དམིགས་}སོ། །འདུ་ཤེས་ཀྱིས་རློམ་

D8.024.0161b05.01
6

སེམས་སུ་བྱེད་ཅིང་། འདུ་ཤེས་སུ་{དམྱིགས་,དམིགས་}སོ། །འདུ་བྱེད་ཀྱིས་རློམ་སེམས་སུ་བྱེད་ཅིང་། འདུ་བྱེད་དུ་{དམྱིགས་,དམིགས་}སོ། །རྣམ་པར་ཤེས་པས་རློམ་སེམས་སུ་བྱེད་ཅིང་། རྣམ་པར་ཤེས་པར་{དམྱིགས་,དམིགས་}སོ། །{མྱིག་,མིག་}གིས་རློམ་སེམས་སུ་བྱེད་ཅིང་།

D8.024.0161b06.01
7

{མྱིག་,མིག་}ཏུ་{དམྱིགས་,དམིགས་}སོ། །རྣ་བས་རློམ་སེམས་སུ་བྱེད་ཅིང་། རྣ་བར་{དམྱིགས་,དམིགས་}སོ། །སྣས་རློམ་སེམས་སུ་བྱེད་ཅིང་། སྣར་{དམྱིགས་,དམིགས་}སོ། །ལྕེས་རློམ་སེམས་སུ་བྱེད་ཅིང་། ལྕེར་{དམྱིགས་,དམིགས་}སོ། །ལུས་ཀྱིས་རློམ་སེམས་སུ་བྱེད་ཅིང་། ལུས་སུ་

D8.024.0161b07.01