完整藏文原文 · 德格版页 当前仅加载第 24 函德格 404a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
{མྱེད་,མེད་}པའི་ཆོས་ཐོབ་པར་{མྱི་,མི་}རུང་ངོ་། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་ཉིད་{མྱེད་,མེད་}པ་ཡོངས་སུ་རྫོགས་པར་བྱས་
D8.024.0404a01.01ནས། བྱང་ཆུབ་སེམས་དཔའི་སྐྱོན་{མྱེད་,མེད་}པར་འཇུག་གོ། བྱང་ཆུབ་སེམས་དཔའི་སྐྱོན་{མྱེད་,མེད་}པར་འཇུག་པའི་ཚེ། {མྱི་,མི་}སྐྱེ་བའི་ཆོས་ལ་བཟོད་པ་འཐོབ་སྟེ། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་པའི་ཚེ། རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་
D8.024.0404a02.01ཤེས་པ་ལྔ་རབ་ཏུ་ཐོབ་ནས། གཟུངས་ཀྱི་སྒོ་ལྔ་བརྒྱ་དང་། ཏིང་ངེ་འཛིན་གྱི་སྒོ་ལྔ་བརྒྱ་ལ་གནས་ཏེ། སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ནས་སངས་
D8.024.0404a03.01རྒྱས་ཀྱི་ཞིང་དུ་འགྲོ་སྟེ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏོ། །དེ་འགྲོ་བ་ལྔའི་འཁོར་བ་ན་འཁོར་ཡང་། འཁོར་བའི་ལས་རྣམ་པར་སྨིན་པས་གོས་པར་{མྱི་,མི་}འགྱུར་ཏེ། འདི་ལྟར་དཔེར་ན།
D8.024.0404a04.01སྤྲུལ་པ་ནི་འགྲོ་བ་འམ། སྡོད་པ་འམ། འདུག་པ་འམ། ཉལ་བ་བྱེད་ཀྱང་དེ་ལ་འགྲོ་བ་འམ། འོང་བ་འམ། སྡོད་པ་འམ། འདུག་པ་འམ། ཉལ་བ་ཡང་{མྱི་,མི་}{དམྱིགས་,དམིགས་}ཏེ། དེ་སེམས་ཅན་རྣམས་ཀྱི་དོན་ཀྱང་བྱེད་དོ། །སེམས་ཅན་དང་སེམས་ཅན་
D8.024.0404a05.01དུ་བཏགས་པ་ཡང་{མྱི་,མི་}{དམྱིགས་,དམིགས་}སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིན་ཏུ་ཞི་བ་ཞེས་བྱ་བ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་
D8.024.0404a06.01པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སེམས་ཅན་ཚད་{མྱེད་,མེད་}པ་ཐེག་པ་གཉིས་ཀྱིས་ཡོངས་སུ་མྱ་ངན་ལས་བཟླས་ཀྱང་གང་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བྱ་བའི་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་གང་
D8.024.0404a07.01