藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 265a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སྙོམས་པར་འཇུག་པའི་མཚན་ཉིད་ལ་བསླབ་པར་{མྱི་,མི་}བགྱི་འམ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་{མྱི་,མི་}བགྱི་འམ། ཡང་དག་པར་སྤོང་བ་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་{མྱི་,མི་}བགྱི་འམ། རྫུ་

D8.024.0265a01.01
2

འཕྲུལ་གྱི་རྐང་པ་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་{མྱི་,མི་}བགྱི་འམ། དབང་པོ་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་{མྱི་,མི་}བགྱི་འམ། སྟོབས་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་{མྱི་,མི་}བགྱི་འམ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་མཚན་ཉིད་ལ་

D8.024.0265a02.01
3

བསླབ་པར་{མྱི་,མི་}བགྱི་འམ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མཚན་ཉིད་ལ་བསླབ་པར་{མྱི་,མི་}བགྱི་འམ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་མཚན་ཉིད་ལ་བསླབ་པར་{མྱི་,མི་}བགྱི་འམ། མཚན་མ་{མྱེད་,མེད་}པའི་ཏིང་ངེ་འཛིན་གྱི་མཚན་ཉིད་ལ་བསླབ་

D8.024.0265a03.01
4

པར་{མྱི་,མི་}བགྱི་འམ། སྨོན་པ་{མྱེད་,མེད་}པའི་ཏིང་ངེ་འཛིན་ཀྱི་མཚན་ཉིད་ལ་བསླབ་པར་{མྱི་,མི་}བགྱི་འམ། རྣམ་པར་ཐར་པ་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་{མྱི་,མི་}བགྱི་འམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་མཚན་

D8.024.0265a04.01
5

ཉིད་ལ་བསླབ་པར་{མྱི་,མི་}བགྱི་འམ། མངོན་པར་ཤེས་པ་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་{མྱི་,མི་}བགྱི་འམ། ཏིང་ངེ་འཛིན་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་{མྱི་,མི་}བགྱི་འམ། གཟུངས་ཀྱི་སྒོ་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་{མྱི་,མི་}བགྱི་

D8.024.0265a05.01
6

འམ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་{མྱི་,མི་}བགྱི་འམ། {མྱི་,མི་}འཇིགས་པ་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་{མྱི་,མི་}བགྱི་འམ། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་{མྱི་,མི་}བགྱི་

D8.024.0265a06.01
7

འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་{མྱི་,མི་}བགྱི་འམ། བྱམས་པ་ཆེན་པོའི་མཚན་ཉིད་ལ་བསླབ་པར་{མྱི་,མི་}བགྱི་འམ། སྙིང་རྗེ་ཆེན་པོའི་མཚན་ཉིད་ལ་བསླབ་པར་{མྱི་,མི་}བགྱི་འམ། སྡུག་བསྔལ་འཕགས་

D8.024.0265a07.01