完整藏文原文 · 德格版页 当前仅加载第 24 函德格 266b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
མངོན་པར་ཤེས་པ་བསྒྲུབ་པར་{མྱི་,མི་}ནུས་སོ། །བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་མ་བསྒྲུབས་པར་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱི་བ་དང་། སེམས་ཅན་ཡོངས་སུ་སྨྱིན་པར་བགྱི་བར་{མྱི་,མི་}ནུས་སོ། །སངས་རྒྱས་ཀྱི་
D8.024.0266b01.01ཞིང་ཡོངས་སུ་དག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་མ་བགྱིས་པར་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་{མྱི་,མི་}ནུས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་བགྱིས་པར་ནི། ཆོས་ཀྱི་འཁོར་ལོ་བསྐོར་བར་{མྱི་,མི་}
D8.024.0266b02.01ནུས་སོ། །ཆོས་ཀྱི་འཁོར་ལོ་མ་བསྐོར་བར་ནི་སེམས་ཅན་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དགོད་པར་{མྱི་,མི་}ནུས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་དགོད་པར་མི་ནུས་སོ། །ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ལ་དགོད་པར་
D8.024.0266b03.01{མྱི་,མི་}ནུས་སོ། །དགྲ་བཅོམ་པ་ཉིད་ལ་དགོད་པར་{མྱི་,མི་}ནུས་སོ། །རང་བྱང་ཆུབ་ལ་དགོད་པར་{མྱི་,མི་}ནུས་སོ། །བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་{མྱི་,མི་}ནུས་སོ། །སེམས་ཅན་རྣམས་སྦྱིན་པ་ལས་བྱུང་བའི་བསོད་
D8.024.0266b04.01ནམས་བགྱི་བའི་དངོས་པོ་ལ་དགོད་པར་{མྱི་,མི་}ནུས་སོ། །ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་ལ་དགོད་པར་{མྱི་,མི་}ནུས་སོ། །བསྒོམ་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་ལ་དགོད་པར་{མྱི་,མི་}ནུས་
D8.024.0266b05.01སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཆོས་ཐམས་ཅད་ནི་མཚན་ཉིད་{མྱེད་,མེད་}པ་སྟེ། མཚན་ཉིད་ཐ་དད་པ་ཡང་མ་ཡིན། མཚན་ཉིད་གཅིག་པ་ཡང་མ་
D8.024.0266b06.01ཡིན་ནོ། །གསོལ་པ། དེ་ལྟར་ཆོས་ཐམས་ཅད་མཚན་ཉིད་མ་མཆིས་ན། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་
D8.024.0266b07.01