完整藏文原文 · 德格版页 当前仅加载第 24 函德格 109b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ནོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལྡན་པ་ཡང་མ་ཡིན། {མྱི་,མི་}ལྡན་པ་ཡང་མ་ཡིན་ནོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལྡན་པ་ཡང་མ་ཡིན། {མྱི་,མི་}ལྡན་པ་ཡང་མ་ཡིན་ནོ། །
D8.024.0109b01.01ཕྱིར་མི་འོང་བའི་འབྲས་བུ་ལྡན་པ་ཡང་མ་ཡིན། {མྱི་,མི་}ལྡན་པ་ཡང་མ་ཡིན་ནོ། །དགྲ་བཅོམ་པ་ཉིད་ལྡན་པ་ཡང་མ་ཡིན། {མྱི་,མི་}ལྡན་པ་ཡང་མ་ཡིན་ནོ། །རང་བྱང་ཆུབ་ལྡན་པ་ཡང་མ་ཡིན། {མྱི་,མི་}ལྡན་པ་ཡང་མ་ཡིན་ནོ། །ལམ་གྱི་རྣམ་པ་ཤེས་པ་
D8.024.0109b02.01ཉིད་ལྡན་པ་ཡང་མ་ཡིན། {མྱི་,མི་}ལྡན་པ་ཡང་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལྡན་པ་ཡང་མ་ཡིན། {མྱི་,མི་}ལྡན་པ་ཡང་མ་ཡིན་ནོ། །འདུས་བྱས་ཀྱི་ཁམས་ལྡན་པ་ཡང་མ་ཡིན། {མྱི་,མི་}ལྡན་པ་ཡང་མ་ཡིན་ནོ། །འདུས་མ་བྱས་ཀྱི་ཁམས་
D8.024.0109b03.01ལྡན་པ་ཡང་མ་ཡིན། {མྱི་,མི་}ལྡན་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་ལྡན་པ་འམ་{མྱི་,མི་}ལྡན་པར་འགྱུར་བ་དེ་ལྟ་བུའི་ངོ་བོ་ཉིད་{མྱེད་,མེད་}དེ། གང་ངོ་བོ་ཉིད་{མྱེད་,མེད་}པ་དེ་ནི། དངོས་པོ་{མྱེད་,མེད་}པའོ། །དངོས་པོ་{མྱེད་,མེད་}པ་ནི་དངོས་པོ་{མྱེད་,མེད་}པ་དང་ལྡན་པ་ཡང་
D8.024.0109b04.01མ་ཡིན་{མྱི་,མི་}ལྡན་པ་ཡང་མ་ཡིན་ཏེ། དེ་ལྟར་ཆོས་ཐམས་ཅད་ཤེས་པར་བྱའོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མདོར་བསྡུས་པ་སྟེ། མདོར་བསྡུས་པའི་ཕ་{རོལད་,རོལ་}ཏུ་ཕྱིན་པ་འདི་ལ་ལས་དང་པོ་པའི་བྱང་ཆུབ་
D8.024.0109b05.01སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའི་ས་བཅུ་པོ་དག་ལ་གནས་ཏེ། མདོར་བསྡུས་པ་ལ་བསླབ་པར་བྱའོ། །མདོར་བསྡུས་པ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི།
D8.024.0109b06.01ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་པོ་རྣོན་པོས་རྟོགས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ནི་
D8.024.0109b07.01