藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 5a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སྒྱུ་མ་{མྱི་,མི་}{དམྱིགས་,དམིགས་}པས། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཏིང་ངེ་འཛིན་གྱི་ཕ་རོལ་

D8.025.0005a01.01
2

ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ནས། ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་དུ་སྟེ། {མྱི་,མི་}{དམྱིགས་,དམིགས་}པའི་འཁོར་ལོ་དང་། སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པའི་འཁོར་ལོ་བསྐོར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་

D8.025.0005a02.01
3

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་{རྨྱི་,རྨི་}ལམ་ལྟ་བུར་ཡོངས་སུ་ཤེས་སོ། །ཆོས་ཐམས་ཅད་སྒྲ་བརྙན་ལྟ་བུར་ཡོངས་སུ་ཤེས་སོ། །ཆོས་ཐམས་ཅད་{མྱིག་,མིག་}ཡོར་ལྟ་བུར་ཡོངས་སུ་ཤེས་སོ། །ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཡོངས་སུ་ཤེས་སོ། །ཆོས་ཐམས་

D8.025.0005a03.01
4

ཅད་སྨྱིག་རྒྱུ་ལྟ་བུར་ཡོངས་སུ་ཤེས་སོ། །ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་ཡོངས་སུ་ཤེས་སོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཇི་ལྟར་ན་ཆོས་ཐམས་ཅད་{རྨྱི་,རྨི་}ལམ་ལྟ་བུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་

D8.025.0005a04.01
5

འཚལ་བ་ལགས། ཇི་ལྟར་ན་ཆོས་ཐམས་ཅད་སྒྲ་བརྙན་ལྟ་བུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་འཚལ་བ་ལགས། ཇི་ལྟར་ན་ཆོས་ཐམས་ཅད་{མྱིག་,མིག་}ཡོར་ལྟ་བུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་འཚལ་བ་ལགས། ཇི་ལྟར་ན་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཡང་དག་པ་ཇི་

D8.025.0005a05.01
6

ལྟ་བ་བཞིན་དུ་ཡོངས་སུ་འཚལ་བ་ལགས། ཇི་ལྟར་ན་ཆོས་ཐམས་ཅད་སྨིག་རྒྱུ་ལྟ་བུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་འཚལ་བ་ལགས། ཇི་ལྟར་ན་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་འཚལ་བ་ལགས། བཅོམ་ལྡན་

D8.025.0005a06.01
7

འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། {རྨྱི་,རྨི་}ལམ་{མྱི་,མི་}མཐོང་ངོ་། །{རྨྱི་,རྨི་}ལམ་མཐོང་བ་{མྱི་,མི་}མཐོང་ངོ་། །སྒྲ་བརྙན་{མྱི་,མི་}ཐོས་སོ། །སྒྲ་བརྙན་ཉན་པ་{མྱི་,མི་}མཐོང་ངོ་། །{མྱིག་,མིག་}ཡོར་{མྱི་,མི་}

D8.025.0005a07.01