完整藏文原文 · 德格版页 当前仅加载第 25 函德格 48a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུས་ཀྱང་རུང་སྟེ།
D8.025.0048a01.01ཆོས་དང་ལྡན་པར་བསྐོར་བར་{མྱི་,མི་}ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱའོ་ཞེས་བྱ་བ་སྟེ། བཞི་པོ་དེ་དག་ནི་{མྱི་,མི་}འཇིགས་པའོ། །དེ་བཞིན་གཤེགས་པའི་སོ་སོ་ཡང་དག་པར་རིག་པ་བཞི་གང་ཞེ་ན། འདི་ལྟ་སྟེ། དོན་སོ་སོ་ཡང་དག་པར་རིག་པ་
D8.025.0048a02.01དང་། ཆོས་སོ་སོ་ཡང་དག་པར་རིག་པ་དང་། དེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། དེ་དག་ཀྱང་གང་ཞེ་ན། དོན་ལ་{དམྱིགས་,དམིགས་}པ་དང་། ཆོས་ལ་{དམྱིགས་,དམིགས་}པ་དང་། ངེས་པའི་ཚིག་ལ་{དམྱིགས་,དམིགས་}
D8.025.0048a03.01པ་དང་། སྤོབས་པ་ལ་{དམྱིགས་,དམིགས་}པའོ། །རབ་འབྱོར་དེ་བཞིན་གཤེགས་པའི་བསྲུང་བ་{མྱེད་,མེད་}པ་གསུམ་གང་ཞེ་ན། དེ་བཞིན་གཤེགས་པ་ནི་སྐུའི་སྤྱོད་པ་ཡོངས་སུ་དག་པ་དང་ལྡན་པ་སྟེ། དེ་བཞིན་གཤེགས་པ་ལ་སྐུའི་སྤྱོད་པ་ཡོངས་སུ་མ་དག་པ་{མྱི་,མི་}མངའ་
D8.025.0048a04.01བས། ལ་ལས་ཤེས་སུ་འོང་ཞེས་གང་ཡང་བཅབ་པར་དགོངས་པ་དེ་བཞིན་གཤེགས་པ་ལ་{མྱི་,མི་}མངའ་སྟེ། འདི་ནི་བསྲུང་བ་{མྱེད་,མེད་}པ་དང་པོའོ། །དེ་བཞིན་གཤེགས་པ་ནི་གསུང་གི་སྤྱོད་པ་ཡོངས་སུ་དག་པ་དང་ལྡན་པ་སྟེ། དེ་བཞིན་གཤེགས་པ་ལ་
D8.025.0048a05.01གསུང་གི་སྤྱོད་པ་ཡོངས་སུ་མ་དག་པ་{མྱི་,མི་}མངའ་བས། ལ་ལས་ཤེས་སུ་འོང་ཞེས་གང་ཡང་བཅབ་པར་དགོངས་པ་དེ་བཞིན་གཤེགས་པ་ལ་{མྱི་,མི་}མངའ་སྟེ། འདི་ནི་བསྲུང་བ་{མྱེད་,མེད་}པ་གཉིས་པའོ། །དེ་བཞིན་གཤེགས་པ་ནི་ཐུགས་ཀྱི་སྤྱོད་
D8.025.0048a06.01པ་ཡོངས་སུ་དག་པ་དང་ལྡན་པ་སྟེ། དེ་བཞིན་གཤེགས་པ་ལ་ཐུགས་ཀྱི་སྤྱོད་པ་ཡོངས་སུ་མ་དག་པ་{མྱི་,མི་}མངའ་བས། ལ་ལས་ཤེས་སུ་འོང་ཞེས་གང་ཡང་བཅབ་པར་དགོངས་པ་དེ་བཞིན་གཤེགས་པ་ལ་{མྱི་,མི་}མངའ་སྟེ། འདི་ནི་བསྲུང་བ་
D8.025.0048a07.01