完整藏文原文 · 德格版页 当前仅加载第 25 函德格 71a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཉིད་{མྱི་,མི་}གནས་པའི་ཚུལ་གྱིས་གནས་ཏེ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ནི་གང་ཡང་གནས་པ་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་ལ་གནས་པར་བྱ་བ་དེ་ལྟ་བུའི་ངོ་བོ་ཉིད་{མྱི་,མི་}{དམྱིགས་,དམིགས་}ཏེ། དངོས་པོ་{མྱེད་,མེད་}
D8.025.0071a01.01ལ་དངོས་པོ་{མྱེད་,མེད་}པ་{མྱི་,མི་}གནས་སོ། །རང་བཞིན་ལ་རང་བཞིན་{མྱི་,མི་}གནས་སོ། །གཞན་གྱི་དངོས་པོ་ལ་གཞན་གྱི་དངོས་པོ་{མྱི་,མི་}གནས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་དག་ཐམས་ཅད་{དམྱིགས་,དམིགས་}སུ་{མྱེད་,མེད་}དེ། གང་{དམྱིགས་,དམིགས་}སུ་{མྱེད་,མེད་}པ་དེ་ནི་གང་ལ་ཡང་{མྱི་,མི་}
D8.025.0071a02.01གནས་སོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་དེ་དག་ཐམས་ཅད་སྟོང་པ་ཉིད་ཐམས་ཅད་ཀྱིས་རབ་ཏུ་འབྱེད་དེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པའི་བྱང་
D8.025.0071a03.01ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཉན་ཐོས་རྣམས་དང་། འཕགས་པ་ཐམས་ཅད་ཀྱི་སྐྱོན་དུ་{མྱི་,མི་}བྱའོ། །དེ་ཅིའི་
D8.025.0071a04.01ཕྱིར་ཞེ་ན། དེ་ནི་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། རང་སངས་རྒྱས་དེ་དག་དང་། ཉན་ཐོས་དེ་དག་གིས་ཀྱང་ཆོས་ཉིད་དེ་རྗེས་སུ་རྟོགས་ཏེ། ཆོས་ཉིད་དེ་རྗེས་སུ་རྟོགས་ནས་
D8.025.0071a05.01ཀྱང་། སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། དེ་ཡང་ཆོས་རྣམས་ཀྱི་ཆོས་ཉིད་ལས་{མྱི་,མི་}འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཀྱི་དབྱིངས་ནི་འདའ་བ་{མྱེད་,མེད་}དོ། །དེ་བཞིན་ཉིད་དང་ཡང་དག་པའི་མཐའ་ནི་འདའ་བ་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་
D8.025.0071a06.01ལ་གང་འདའ་བར་འགྱུར་བའི་རང་བཞིན་{མྱེད་,མེད་}དོ།། །།ཤེས་རབ་ཀྱི་ཕ་{རོལད་,རོལ་}ཏུ་ཕྱིན་ད་པ་སྟོང་ཕྲག་བརྒྱ་པ། བམ་པོ་དྲུག་པ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ད་ཀྱིས་བཅོམ་ལྡན་འདས་ལ་
D8.025.0071a07.01