藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 129b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བསྙེན་བཀུར་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཐོས་པ་དེ་ཡང་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་མ་རྒྱས་ཀྱི་བར་དུ། ཚེ་རབས་རྗེས་

D8.025.0129b01.01
2

ཀྱང་ནམ་དུ་ཡང་རྣམ་པར་ཆུད་{མྱི་,མི་}ཟ་སྟེ། རྟག་ཏུ་རྒྱུན་{མྱི་,མི་}འཆད་པར་གཟུངས་ཐོབ་ཅིང་། ལུས་ཀྱི་དབང་པོ་འམ། ངག་གི་དབང་པོ་འམ། ཡིད་ཀྱི་དབང་པོ་{མྱི་,མི་}ཉམ་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་

D8.025.0129b02.01
3

དཔའ་ཆེན་པོ་དེས་རྟག་ཏུ་རྒྱུན་{མྱི་,མི་}འཆད་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་བསྒོམས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་བསྒོམས་པ་དེས་ལམ་ཐམས་ཅད་ཤིན་ཏུ་བསྒོམས་པར་འགྱུར་ཏེ། ཉན་ཐོས་ཀྱི་ལམ་མམ།

D8.025.0129b03.01
4

རང་སངས་རྒྱས་ཀྱི་ལམ་མམ། །བྱང་ཆུབ་སེམས་དཔའི་ལམ་མམ། སངས་རྒྱས་ཀྱི་ལམ་ཤིན་ཏུ་བསྒོམས་པར་འགྱུར། མངོན་པར་ཤེས་པ་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་རྣམ་པར་ཆུད་{མྱི་,མི་}ཟ་བའི་ཚུལ་གྱིས་ཕན་པར་

D8.025.0129b04.01
5

འགྱུར་བ་དེ་དག་ཀྱང་ཤིན་ཏུ་བསྒོམས་པར་འགྱུར་ཏེ། རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པ་དེ་དག་ལ་གནས་ཤིང་། སེམས་ཅན་རྣམས་ཀྱི་དོན་བྱེད་ན། འགྲོ་བ་ལྔའི་འཁོར་བར་འཁོར་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཀྱང་

D8.025.0129b05.01
6

ཡོངས་སུ་{མྱི་,མི་}ཉམ་མོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རང་བཞིན་སྟོང་པ་ཉིད་ལ་གནས་ཤིང་ཐབས་མཁས་པས་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །རབ་འབྱོར་

D8.025.0129b06.01
7

གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རང་བཞིན་སྟོང་པ་ཉིད་ལ་གནས་ཤིང་། སེམས་ཅན་ཤེས་རབ་འཆལ་བ་ཅན་བློ་ཆུང་བ་རྣམས་མཐོང་ན། འདི་སྐད་འདེམས་ཤིང་རྗེས་

D8.025.0129b07.01