完整藏文原文 · 德格版页 当前仅加载第 25 函德格 169a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པའི་སྟོབས་རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་སྟོབས་རྣམས་རང་བཞིན་ཀྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མེད་པ་ཡང་
D8.025.0169a01.01དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་{མྱི་,མི་}འཇིགས་པ་རྣམས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
D8.025.0169a02.01མངོན་པར་རྫོགས་པར་འཚང་{མྱི་,མི་}རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་{མྱི་,མི་}འཇིགས་པ་རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་{མྱི་,མི་}འཇིགས་པ་རྣམས་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་
D8.025.0169a03.01ཤིང་། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་སོ་སོ་ཡང་དག་པར་རིག་པ་རྣམས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་
D8.025.0169a04.01{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་{མྱི་,མི་}རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་སོ་སོ་ཡང་དག་པར་རིག་པ་རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སོ་སོ་ཡང་དག་
D8.025.0169a05.01པར་རིག་པ་རྣམས་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་བྱམས་པ་ཆེན་པོ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་
D8.025.0169a06.01སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་{མྱི་,མི་}རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་བྱམས་པ་ཆེན་པོ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
D8.025.0169a07.01