藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 11a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་བ་ཉིད་དང་། སྟོང་བ་ཉིད་གཉིས་ལ་གནས་ཤིང་། སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། ཁམས་གསུམ་འདི་ནི་སྟོང་པ་སྟེ། འདི་ལ་གཟུགས་སམ། ཚོར་

D8.025.0011a01.01
2

བ་འམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པ་འམ། ཕུང་པོ་རྣམས་སམ། ཁམས་རྣམས་སམ། སྐྱེ་མཆེད་རྣམས་{མྱེད་,མེད་}དོ། །འདི་ནི་{རྨྱི་,རྨི་}ལམ། འདི་ནི་སྒྲ་བརྙན། འདི་ནི་{མྱིག་,མིག་}ཡོར། འདི་ནི་སྒྱུ་མ། འདི་ནི་སྨྱིག་རྒྱུ། འདི་ནི་སྤྲུལ་པ་

D8.025.0011a02.01
3

སྟེ། འདི་ལ་ཕུང་པོ་རྣམས་སམ། ཁམས་རྣམས་སམ། སྐྱེ་མཆེད་རྣམས་{མྱེད་,མེད་}དོ། །འདི་ལ་{རྨྱི་,རྨི་}ལམ་{མྱེད་,མེད་}དོ། །{རྨྱི་,རྨི་}ལམ་མཐོང་བ་{མྱེད་,མེད་}དོ། །སྒྲ་བརྙན་{མྱེད་,མེད་}དོ། །སྒྲ་བརྙན་ཉན་པ་{མྱེད་,མེད་}དོ། །{མྱིག་,མིག་}ཡོར་{མྱེད་,མེད་}དོ། །{མྱིག་,མིག་}ཡོར་མཐོང་བ་{མྱེད་,མེད་}དོ། །སྒྱུ་མ་

D8.025.0011a03.01
4

{མྱེད་,མེད་}དོ། །སྒྱུ་མ་བྱེད་པ་{མྱེད་,མེད་}དོ། །སྨྱིག་རྒྱུ་{མྱེད་,མེད་}དོ། །སྨིག་རྒྱུ་མཐོང་བ་{མྱེད་,མེད་}དོ། །སྤྲུལ་པ་{མྱེད་,མེད་}དོ། །སྤྲུལ་པ་བྱེད་པ་{མྱེད་,མེད་}དོ། །ཆོས་འདི་དག་ཐམས་ཅད་ནི་དངོས་པོ་{མྱེད་,མེད་}པ་དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་ཡིན་ན། འོན་ཀྱང་ཁྱེད་ནི་ཕུང་པོ་{མྱེད་,མེད་}པ་

D8.025.0011a04.01
5

ལ་ཕུང་པོར་འདུ་ཤེས་པ། ཁམས་{མྱེད་,མེད་}པ་ལ་ཁ་མས་སུ་འདུ་ཤེས་པ། སྐྱེ་མཆེད་{མྱེད་,མེད་}པ་ལ་སྐྱེ་མཆེད་དུ་འདུ་ཤེས་པ་དག་སྟེ། ཆོས་འདི་དག་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཕྱིན་ཅི་ལོག་ལས་སྐྱེས་པ། ལས་ཀྱི་རྣམ་པར་སྨིན་

D8.025.0011a05.01
6

པས་ཡོངས་སུ་བཟུང་བ་ཡིན་ན། ཁྱེད་རྣམས་ཅིའི་ཕྱིར་ཆོས་ཐམས་ཅད་དངོས་པོ་{མྱེད་,མེད་}པ་ལ་དངོས་པོའི་འདུ་ཤེས་སུ་བྱེད་ཅེས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་

D8.025.0011a06.01
7

པས་སེམས་ཅན་སེར་སྣ་ཅན་དག་སེར་སྣ་ལས་རྣམ་པར་བཟློག་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་ཏེ། སྦྱིན་པ་ཡོངས་སུ་བཏང་བ་དེ་ཡང་དེ་དག་ལ་ལོངས་སྤྱོད་ཆེན་པོའི་རྒྱུར་འགྱུར་རོ། །དེས་དེ་དག་དེ་ལས་བསྐྱོད་ནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་

D8.025.0011a07.01