藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 213b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སྟོང་པ་ཉིད་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་མི་{དམྱིགས་,དམིགས་}པ་སྟོང་པ་ཉིད་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །དངོས་པོ་མེད་པ་སྟོང་པ་ཉིད་

D8.025.0213b01.01
2

མི་སྦྱོར་{མྱི་,མི་}འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །ངོ་བོ་ཉིད་སྟོང་པ་ཉིད་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ།

D8.025.0213b02.01
3

དབྱེ་བར་བྱ་བའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ངོ་བོ་ཉིད་མེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ངོ་བོ་

D8.025.0213b03.01
4

ཉིད་{མྱེད་,མེད་}དོ། །དྲན་པ་ཉེ་བར་གཞག་པ་བཞི་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་དྲན་པ་ཉེ་བར་གཞག་པ་བཞི་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །ཡང་དག་པར་སྤོང་བ་བཞི་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། དེ་

D8.025.0213b04.01
5

ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཡང་དག་པར་སྤོང་བ་བཞི་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རྫུ་

D8.025.0213b05.01
6

འཕྲུལ་གྱི་རྐང་པ་བཞི་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །དབང་པོ་ལྔ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་དབང་པོ་ལྔ་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །སྟོབས་ལྔ་{མྱི་,མི་}སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན།

D8.025.0213b06.01
7

དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་སྟོབས་ལྔ་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་ངོ་

D8.025.0213b07.01