藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 93a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

འམ། ཕྲ་བ་འམ། བཟང་བ་འམ། ངན་པ་འམ། རྒྱང་རིང་བའམ། ཐག་ཉེ་བ་གང་ཆོས་ཐམས་ཅད་སྐད་ཅིག་མ་ལ་ཀུན་ཏུ་རྟོག་པས་བཟུང་བ་སྟེ། འདི་ནི་གཟུགས་ཀྱི་མཚན་མ་ཞེས་བྱའོ། །རབ་འབྱོར་གཟུགས་{མྱེད་,མེད་}

D8.025.0093a01.01
2

པའི་མཚན་མ་གང་ཞེ་ན། གཟུགས་{མྱེད་,མེད་}པའི་ཆོས་གང་ལ་ཡང་རུང་སྟེ། མཚན་མར་བཟུང་བས་ཡོངས་སུ་བརྟགས་ཤིང་ཉོན་མོངས་པ་སྐྱེ་བར་འགྱུར་བ་སྟེ། འདི་ནི་གཟུགས་{མྱེད་,མེད་}པའི་མཚན་མ་ཞེས་བྱའོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་

D8.025.0093a02.01
3

དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་མཚན་མ་དེ་དག་ལས་བཀྲོལ་ཞིང་མཚན་མ་{མྱེད་,མེད་}པའི་དབྱིངས་སུ་འགོད་ཅིང་རབ་ཏུ་གཞོག་སྟེ། ཅི་ནས་ཀྱང་འདི་ནི་མཚན་མའོ། །འདི་ནི་མཚན་མ་{མྱེད་,མེད་}པའོ་ཞེས་བྱ་བ་

D8.025.0093a03.01
4

གཉིས་སུ་{མྱི་,མི་}ལྟུང་བ་དེ་ལྟར་འགོད་ཅིང་གཞོག་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སེམས་ཅན་རྣམས་མཚན་མ་ལས་རྣམ་པར་བཀྲོལ་ཞིང་

D8.025.0093a04.01
5

མཚན་མ་{མྱེད་,མེད་}པའི་དབྱིངས་སུ་རབ་ཏུ་འགོད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་འདི་དག་ཐམས་ཅད་ནི་{མྱིང་,མིང་}ཙམ་དུ་བས་ཏེ། {མྱིང་,མིང་}དང་མཚན་མར་བས་ལ། བཏགས་པ་ཙམ་དུ་བས་ཏེ། ཡོངས་སུ་བརྟགས་པ་ལས་བྱུང་བ་ལགས་ན། བཅོམ་ལྡན་

D8.025.0093a05.01
6

འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདག་ཀྱང་དགེ་བའི་ཆོས་ཀྱི་ཁྱད་པར་ཐོབ་ལ། གཞན་ཡང་དགེ་བའི་ཆོས་ཀྱི་ཁྱད་པར་འཐོབ་པ་ལ་གཞོག་ཅིང་། དགེ་བའི་རྩ་བ་དེ་དག་གིས་

D8.025.0093a06.01
7

ས་ནས་ས་ཡོངས་སུ་རྫོགས་པར་བགྱིད་པ་ལགས། སེམས་ཅན་རྣམས་ཐེག་པ་གསུམ་ལ་སྦྱོར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་དངོས་པོའམ། དངོས་པོའི་མཚན་མ་ཞིག་ཡོད་ན་ནི། རབ་འབྱོར། བྱང་ཆུབ་

D8.025.0093a07.01