藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 340b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་ཚད་{མྱེད་,མེད་}པ་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་{མྱི་,མི་}རྟོག་པ་སྟེ། ཚད་{མྱེད་,མེད་}པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་

D8.025.0340b01.01
2

ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་བཞི་ལ་སྤྱོད་ཀྱང་། དེ་ལ་{མྱི་,མི་}རྟོག་ཅིང་། གཟུགས་{མྱེད་,མེད་}པའི་

D8.025.0340b02.01
3

སྙོམས་པར་འཇུག་པ་རྣམས་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་སོ། །བདག་གིས་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་བསྒོམ་པར་བྱའོ། །

D8.025.0340b03.01
4

འདིའི་དོན་དུ་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་{མྱི་,མི་}རྟོག་པ་སྟེ། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་

D8.025.0340b04.01
5

བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་རྣམ་པར་ཐར་པ་བརྒྱད་ལ་སྤྱོད་ཀྱང་། དེ་ལ་{མྱི་,མི་}རྟོག་ཅིང་། རྣམ་

D8.025.0340b05.01
6

པར་ཐར་པ་བརྒྱད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་རྣམ་པར་ཐར་པ་བརྒྱད་དོ། །བདག་གིས་རྣམ་པར་ཐར་པ་བརྒྱད་བསྒོམ་པར་བྱའོ། །འདིའི་དོན་དུ་རྣམ་པར་ཐར་པ་བརྒྱད་བསྒོམ་མོ་ཞེས་གསུམ་

D8.025.0340b06.01
7

པོ་དེ་དག་ལ་{མྱི་,མི་}རྟོག་པ་སྟེ། རྣམ་པར་ཐར་པ་བརྒྱད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་

D8.025.0340b07.01