完整藏文原文 · 德格版页 当前仅加载第 25 函德格 17b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པ་དེ་དག་ཐེག་པ་གསུམ་གྱིས་རིམ་གྱིས་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་གསད་པར་
D8.025.0017b01.01གསོལ་བ་བཏབ་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་ནོ་སྙམ་འམ། {མྱི་,མི་}སྦྱིན་ནོ་སྙམ་པའི་སེམས་གཞན་བསྐྱེད་པར་{མྱི་,མི་}བྱའི། །འཁྲུག་པ་{མྱེད་,མེད་}པའི་སེམས་ཀྱིས་སྐྱེ་བོའི་ཚོགས་དེ་དག་ལ་སྦྱིན་པར་བྱའོ། །
D8.025.0017b02.01དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པའི་ཕྱིར། གལ་ཏེ་དེ་ལྟར་རྣམ་པར་རྟོག་ན། སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་།
D8.025.0017b03.01བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། རང་སངས་རྒྱས་རྣམས་དང་། དགྲ་བཅོམ་པ་རྣམས་དང་། སློབ་པ་རྣམས་དང་། ལྷ་དང་། {མྱི་,མི་}དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཀྱིས་སྨད་པར་འགྱུར་ཏེ། དེ་ལ་ཐོག་མར་
D8.025.0017b04.01སེམས་ཅན་ཐམས་ཅད་ཀྱི་མགོན་གྱིས་ཤིག་ཅེ་འམ། གནས་དང་། སྐྱབས་དང་། དཔུང་གཉེན་གྱིས་ཤིག་ཅེས་སུས་གསོལ་བ་བཏབ་བཏབ་ཅེས་སྨད་པར་འགྱུར་ཏེ། རབ་འབྱོར་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
D8.025.0017b05.01པོའི་དྲུང་དུ་མྱིར་གྱུར་པ་འམ། {མྱི་,མི་}མ་ཡིན་པར་གྱུར་པ་དག་འོངས་ནས། བདག་ནི་སློང་མོ་པའོ་ཞེས་ཡན་ལག་དང་། ཉིང་ལག་གཅད་པར་གསོལ་བ་བཏབ་ན། དེའི་ཚེ་དེས་སྦྱིན་ནམ་{མྱི་,མི་}སྦྱིན་སྙམ་པའི་སེམས་གཉིས་སུ་བསྐྱེད་པར་{མྱི་,མི་}བྱའོ། །དེ་ཅིའི་ཕྱིར་
D8.025.0017b06.01ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་ཅན་རྣམས་ཀྱི་དོན་དུ་ཆེད་དུ་བསམས་ཏེ། ལུས་འདིས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ་ཞེས་ལུས་ཡོངས་སུ་བཟུང་བས་ན། དེས་འདི་སྙམ་དུ་བདག་གིས་སེམས་ཅན་
D8.025.0017b07.01