藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 370b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། {མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་{རྨྱི་,རྨི་}ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། {མྱིག་,མིག་}

D8.025.0370b01.01
2

ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་{རྨྱི་,རྨི་}ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། {མྱིག་,མིག་}ཡོར་

D8.025.0370b02.01
3

ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ངོ་བོ་ཉིད་སྟོང་པ་ཉིད་{རྨྱི་,རྨི་}ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། {མྱིག་,མིག་}ཡོར་ལྟ་བུ་དང་།

D8.025.0370b03.01
4

སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་{རྨྱི་,རྨི་}ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། {མྱིག་,མིག་}ཡོར་ལྟ་བུ་དང་། སྨྱིག་

D8.025.0370b04.01
5

རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དྲན་པ་ཉེ་བར་གཞག་པ་རྣམས་{རྨྱི་,རྨི་}ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། {མྱིག་,མིག་}ཡོར་ལྟ་བུ་དང་། སྨྱིག་

D8.025.0370b05.01
6

རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པར་སྤོང་བ་རྣམས་{རྨྱི་,རྨི་}ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། {མྱིག་,མིག་}ཡོར་ལྟ་བུ་

D8.025.0370b06.01
7

དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྫུ་འཕྲུལ་གྱི་རྐང་པ་རྣམས་{རྨྱི་,རྨི་}ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། {མྱིག་,མིག་}ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་།

D8.025.0370b07.01