完整藏文原文 · 德格版页 当前仅加载第 25 函德格 340a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་འཕགས་པའི་བདེན་པ་བཞི་ལ་སྤྱོད་ཀྱང་
D8.025.0340a01.01དེ་ལ་{མྱི་,མི་}རྟོག་ཅིང་། འཕགས་པའི་བདེན་པ་རྣམས་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་འཕགས་པའི་བདེན་པ་རྣམས་སོ། །བདག་གིས་འཕགས་པའི་བདེན་པ་རྣམས་བསྒོམ་པར་བྱའོ། །
D8.025.0340a02.01འདིའི་དོན་དུ་འཕགས་པའི་བདེན་པ་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་{མྱི་,མི་}རྟོག་པ་སྟེ། འཕགས་པའི་བདེན་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་
D8.025.0340a03.01ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་བསམ་གཏན་བཞི་ལ་སྤྱོད་ཀྱང་དེ་ལ་{མྱི་,མི་}རྟོག་ཅིང་། བསམ་གཏན་རྣམས་སྒོམ་པའི་ཚེ། ངོ་
D8.025.0340a04.01བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་བསམ་གཏན་རྣམས་སོ། །བདག་གིས་བསམ་གཏན་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་བསམ་གཏན་རྣམས་བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་{མྱི་,མི་}རྟོག་པ་སྟེ།
D8.025.0340a05.01བསམ་གཏན་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་
D8.025.0340a06.01ཆེན་པོའི་དགེ་བའི་ཆོས་ཚད་{མྱེད་,མེད་}པ་བཞི་ལ་སྤྱོད་ཀྱང་དེ་ལ་{མྱི་,མི་}རྟོག་ཅིང་། ཚད་{མྱེད་,མེད་}པ་རྣམས་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་ཚད་{མྱེད་,མེད་}པ་རྣམས་སོ། །བདག་གིས་ཚད་{མྱེད་,མེད་}པ་
D8.025.0340a07.01