藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 83b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། དོན་དམ་པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། འདུས་བྱས་སྟོང་པ་ཉིད་ཀྱང་གཞན་ལ།

D8.025.0083b01.01
2

ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། འདུས་མ་བྱས་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས།

D8.025.0083b02.01
3

མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ཐོག་མ་དང་ཐ་མ་{མྱེད་,མེད་}པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་

D8.025.0083b03.01
4

ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། རང་བཞིན་སྟོང་པ་ཉིད་ཀྱང་གཞན་ལ།

D8.025.0083b04.01
5

ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་

D8.025.0083b05.01
6

ལགས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། {མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་

D8.025.0083b06.01
7

ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ངོ་བོ་ཉིད་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་

D8.025.0083b07.01