藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 88a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བའི་དོན་དུ་བརྩོན་འགྲུས་རྩོམ་མོ། །བསམ་གཏན་ལ་སྙོམས་པར་འཇུག་ཀྱང་། བསམ་གཏན་གྱི་འབྲས་བུ་ལ་ཆགས་པ་{མྱེད,མེད}། བསམ་གཏན་གྱི་འབྲས་བུ་ཉམས་སུ་མྱོང་བ་{མྱེད་,མེད་}དེ། གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་

D8.025.0088a01.01
2

སུ་མྱ་ངན་ལས་བཟླ་བའི་དོན་དུ་བསམ་གཏན་ལ་སྙོམས་པར་འཇུག་གོ །ཤེས་རབ་སྒོམ་ཡང་ཤེས་རབ་ཀྱི་འབྲས་བུ་ལ་ཆགས་པ་{མྱེད,མེད}། ཤེས་རབ་ཀྱི་འབྲས་བུ་ཉམས་སུ་མྱོང་བ་{མྱེད་,མེད་}དེ། གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་

D8.025.0088a02.01
3

ལས་བཟླ་བའི་དོན་དུ་ཤེས་རབ་སྒོམ་མོ། །ཟག་པ་དང་བཅས་པ་དང་། ཟག་པ་{མྱེད་,མེད་}པའི་ཆོས་རྣམས་སྒོམ་ཡང་། ཟག་པ་དང་བཅས་པ་དང་། ཟག་པ་{མྱེད་,མེད་}པའི་ཆོས་ཀྱི་འབྲས་བུ་ལ་ཆགས་པ་{མྱེད,མེད}། ཟག་པ་དང་བཅས་པ་དང་། ཟག་པ་མེད་

D8.025.0088a03.01
4

པའི་ཆོས་ཀྱི་འབྲས་བུ་ཉམས་སུ་མྱོང་བ་{མྱེད་,མེད་}དེ། གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་དོན་དུ་ཟག་པ་དང་བཅས་པ་དང་ཟག་པ་{མྱེད་,མེད་}པའི་ཆོས་རྣམས་སྒོམ་མོ། །འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་

D8.025.0088a04.01
5

རྣམས་སྒོམ་ཡང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་འབྲས་བུ་ལ་ཆགས་པ་{མྱེད,མེད}། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་འབྲས་བུ་ཉམས་སུ་མྱོང་བ་{མྱེད་,མེད་}དེ། གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་

D8.025.0088a05.01
6

ངན་ལས་བཟླ་བའི་དོན་དུ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་སྒོམ་མོ། །འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་སྒོམ་མོ། །འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཀྱི་འབྲས་བུ་ལ་ཆགས་པ་{མྱེད,མེད}། འདུས་བྱས་དང་འདུས་

D8.025.0088a06.01
7

མ་བྱས་ཀྱི་ཆོས་ཀྱི་འབྲས་བུ་ཉམས་སུ་མྱོང་བ་{མྱེད་,མེད་}དེ། གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་དོན་དུ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་སྒོམ་མོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

D8.025.0088a07.01