藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 294b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །སྟོབས་རྣམས་སྒོམས་ཤིག །སྟོབས་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་{མྱེད་,མེད་}དོ། །དེ་བཞིན་དུ་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །བྱང་ཆུབ་

D8.025.0294b01.01
2

ཀྱི་ཡན་ལག་རྣམས་སྒོམས་ཤིག །བྱང་ཆུབ་ཀྱི་ཡན་ལག་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་{མྱེད་,མེད་}དོ། །དེ་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་

D8.025.0294b02.01
3

ཚུར་ཤེག །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམས་ཤིག །འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་{མྱེད་,མེད་}དོ། །དེ་བཞིན་དུ་འཕགས་པའི་བདེན་པ་རྣམས་

D8.025.0294b03.01
4

ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །འཕགས་པའི་བདེན་པ་རྣམས་སྒོམས་ཤིག །འཕགས་པའི་བདེན་པ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་{མྱེད་,མེད་}དོ། །དེ་བཞིན་དུ་བསམ་

D8.025.0294b04.01
5

གཏན་རྣམས་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །བསམ་གཏན་རྣམས་སྒོམས་ཤིག །བསམ་གཏན་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་ཚད་{མྱེད་,མེད་}པ་

D8.025.0294b05.01
6

རྣམས་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །ཚད་{མྱེད་,མེད་}པ་རྣམས་སྒོམས་ཤིག །ཚད་{མྱེད་,མེད་}པ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་{མྱེད་,མེད་}དོ། །དེ་བཞིན་དུ་གཟུགས་{མྱེད་,མེད་}པའི་

D8.025.0294b06.01
7

སྙོམས་པར་འཇུག་པ་རྣམས་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་སྒོམས་ཤིག །གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག

D8.025.0294b07.01