藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 309a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ནས་ཉེ་བར་བཟུང་སྟེ། སྦྱིན་པ་གཏོང་བ་དང་། ཚུལ་ཁྲིམས་སྲུང་བ་དང་། བཟོད་པ་སྒྲུབ་པ་དང་། བརྩོན་འགྲུས་རྩོམ་པ་དང་། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དང་། ཤེས་རབ་སྒོམ་པ་དང་། མི་དགེ་བའི་ཆོས་ཐམས་ཅད་སྤང་

D8.025.0309a01.01
2

བའི་དོན་དུ་གནས་པ་དེ་ནི། ངན་སོང་དུ་སྐྱེ་བར་འགྱུར་བའི་གནས་{མྱེད་,མེད་}དོ། །ལྷ་ཚེ་རིང་པོར་སྐྱེ་བའི་གནས་{མྱེད་,མེད་}དོ། །གང་ན་དགེ་བའི་ཆོས་རྣམས་{མྱི་,མི་}སྤྱོད་པ་དེ་ལྟ་བུར་སྐྱེ་བའི་གནས་{མྱེད་,མེད་}དོ། །གླེན་པ་དང་། ལྐུགས་པར་འགྱུར་བའི་ཡུལ་དུ། སྐྱེ་བའི་

D8.025.0309a02.01
3

གནས་{མྱེད་,མེད་}དོ། །མཐའ་འཁོབ་ཀྱི་ཀླ་ཀློ་དང་། མི་སྲུན་ཞིང་འཁོར་བཞི་རྒྱུར་{མྱེད་,མེད་}པའི་ཡུལ་དུ་སྐྱེ་བའི་གནས་{མྱེད་,མེད་}དོ། །ལོག་པར་ལྟ་བའི་རིགས་སུ་སྐྱེ་བའི་གནས་{མྱེད་,མེད་}དོ། །གང་ན་སངས་རྒྱས་ཀྱི་སྒྲ་{མྱི་,མི་}གྲག་པ་དང་། ཆོས་ཀྱི་སྒྲ་{མྱི་,མི་}གྲག་པ་དང་། དགེ་འདུན་

D8.025.0309a03.01
4

གྱི་སྒྲ་མི་གྲག་པ་དེ་ལྟ་བུར་སྐྱེ་བའི་གནས་མེད་དོ། །བྱ་བ་མ་ཡིན་པའི་ལྟ་བར་ལྟུང་བའི་གནས་{མྱེད་,མེད་}དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་

D8.025.0309a04.01
5

བྱང་ཆུབ་ཏུ་ལྷག་པའི་བསམ་པས་ཡང་དག་པར་ཞུགས་པ་ནི། {མྱི་,མི་}དགེ་བ་བཅུའི་ལས་ཀྱི་ལམ་ལ་སྤྱོད་ཅེས་བྱ་བའི་གནས་{མྱེད་,མེད་}དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ངེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུའི་དགེ་བའི་

D8.025.0309a05.01
6

རྩ་བ་དང་ལྡན་ཞིང་། ཚུལ་དང་{མྱི་,མི་}འདྲ་བའི་གནས་སུ་{མྱི་,མི་}སྐྱེ་བ་ལགས་ན། གང་འདི་ལྟར་དེ་བཞིན་གཤེགས་པ་ཉིད་ཀྱང་བྱོལ་སོང་གི་རྒྱུད་དུ་སྐྱེས་པའི་རབས་བསྟན་ན། དེའི་ཚེ་དགེ་བའི་རྩ་བ་དེ་དག་གང་དུ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

D8.025.0309a06.01
7

རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། {མྱི་,མི་}དགེ་བའི་ལས་ཀྱིས་བྱོལ་སོང་གི་རྒྱུད་དུ་སྐྱེ་བ་མ་ཡིན་གྱི། ལུས་གང་དང་གང་གིས་སེམས་ཅན་རྣམས་ཀྱི་དོན་དུ་འགྱུར་བ་དེ་དང་དེ་ལྟ་བུའི་ལུས་ཆེད་དུ་བསམས་ཤིང་། སེམས་ཅན་རྣམས་ཀྱི་དོན་

D8.025.0309a07.01