藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 345a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཀྱི་དོན་བྱེད་དེ། དོན་བྱས་ནས་ཅི་ནས་ཀྱང་ཕྱིས་ཆུད་མ་ཟོས་ཤིང་། རྒྱུད་ལྔའི་འཁོར་བར་{མྱི་,མི་}ལྟུང་བ་དེ་ལྟར་དོན་བྱེད་དོ། །གསོལ་པ། བཅོམ་

D8.025.0345a01.01
2

ལྡན་འདས་ཅི་ལགས། བཅོམ་ལྡན་འདས་ཀྱིས་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། རྒྱུད་ལྔའི་འཁོར་བ་གཟིགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་

D8.025.0345a02.01
3

འབྱོར་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། དེ་བཞིན་གཤེགས་པས་ཆོས་ནག་པོ་འམ་དཀར་པོ་འམ་གནག་པ་འམ། དཀར་བ་འམ། {མྱི་,མི་}གནག་{མྱི་,མི་}དཀར་བ་{དམྱིགས་,དམིགས་}ལགས་སམ། བཅོམ་ལྡན་འདས་

D8.025.0345a03.01
4

ཀྱིས་བཀའ་སྩལ་པ། མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་སྟེ་མ་{དམྱིགས་,དམིགས་}ན། སེམས་ཅན་དམྱལ་བ་འམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་དུ་ཇི་ལྟར་གདགས་པ་མཛད། ལྷ་

D8.025.0345a04.01
5

དང་མྱིར་ཇི་ལྟར་གདགས་པ་མཛད། རྒྱུན་ཏུ་ཞུགས་པར་ཇི་ལྟར་གདགས་པ་མཛད། ལན་ཅིག་ཕྱིར་འོང་བར་ཇི་ལྟར་གདགས་པ་མཛད། ཕྱིར་{མྱི་,མི་}འོང་བར་ཇི་ལྟར་གདགས་པ་མཛད། དགྲ་བཅོམ་པར་ཇི་ལྟར་གདགས་པ་མཛད།

D8.025.0345a05.01
6

རང་སངས་རྒྱས་སུ་ཇི་ལྟར་གདགས་པ་མཛད། བྱང་ཆུབ་སེམས་དཔར་ཇི་ལྟར་གདགས་པ་མཛད། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་ཇི་ལྟར་གདགས་པ་མཛད། བཅོམ་ལྡན་

D8.025.0345a06.01
7

འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཅི་སེམས་ཅན་འདི་དག་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་སམ། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར་

D8.025.0345a07.01