藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 213a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཆེན་པོ་སྟོང་པ་ཉིད་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །དོན་དམ་པ་སྟོང་པ་ཉིད་{མྱི་,མི་}སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ།

D8.025.0213a01.01
2

དབྱེ་བར་བྱ་བའི་དོན་དམ་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །འདུས་བྱས་སྟོང་པ་ཉིད་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་འདུས་བྱས་སྟོང་པ་ཉིད་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །འདུས་མ་

D8.025.0213a02.01
3

བྱས་སྟོང་པ་ཉིད་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་འདུས་མ་བྱས་སྟོང་པ་ཉིད་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །མཐའ་ལས་འདས་པ་སྟོང་པ་ཉིད་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན།

D8.025.0213a03.01
4

དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་མཐའ་ལས་འདས་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་མེད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་

D8.025.0213a04.01
5

ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་དོར་བ་མེད་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །རང་བཞིན་

D8.025.0213a05.01
6

སྟོང་པ་ཉིད་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ་དབྱེ་བར་བྱ་བའི་རང་བཞིན་སྟོང་པ་ཉིད་ལ་ངོ་བོ་ཉིད་མེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་

D8.025.0213a06.01
7

གང་སྦྱར་བའམ། དབྱེ་བར་བྱ་བའི་ཆོས་ཐམས་ཅད་སྟོང་པ་ཉིད་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །རང་གི་མཚན་ཉིད་སྟོང་པ་ཉིད་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རང་གི་མཚན་ཉིད་

D8.025.0213a07.01