藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 210a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་ཀྱི་ལམ་ལ་བརྩོན་པར་བགྱིད་

D8.025.0210a01.01
2

པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས། གཟུགས་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། དེ་ཅིའི་ཕྱིར་ཞེ་

D8.025.0210a02.01
3

ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་གཟུགས་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །ཚོར་བ་མི་སྦྱོར་{མྱི་,མི་}འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཚོར་བ་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །འདུ་ཤེས་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་

D8.025.0210a03.01
4

དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་འདུ་ཤེས་ལ་ངོ་བོ་ཉིད་མེད་དོ། །འདུ་བྱེད་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་འདུ་བྱེད་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །རྣམ་

D8.025.0210a04.01
5

པར་ཤེས་པ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །{མྱིག་,མིག་}{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་{མྱིག་,མིག་}

D8.025.0210a05.01
6

ལ་ངོ་བོ་ཉིད་{མྱེད་,མེད་}དོ། །རྣ་བ་{མྱི་,མི་}སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རྣ་བ་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །སྣ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་

D8.025.0210a06.01
7

བའི་སྣ་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །ལྕེ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ལྕེ་ལ་ངོ་བོ་ཉིད་{མྱེད་,མེད་}དོ། །ལུས་{མྱི་,མི་}སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ།

D8.025.0210a07.01