完整藏文原文 · 德格版页 当前仅加载第 25 函德格 51b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བསྲུངས་པས། གསང་བའི་གནས་སྦུབས་སུ་ནུབ་པ་སྟེ། དེ་ནི་བུ་མང་བའི་སྔ་ལྟས་སོ། །སྟན་དང་། གོས་དང་། ཁང་པ་དང་། གཞལ་{མྱེད་,མེད་}ཁང་དང་། གནས་བཟང་པོ་བྱིན་པས་གསེར་གྱི་ཁ་དོག་དང་མདོག་ཤིན་ཏུ་འཇམ་པ་སྟེ། དེ་གཉིས་ནི་གདན་དང་
D8.025.0051b01.01ན་བཟའ་དང་། ཁང་པ་དང་། གཞལ་མེད་ཁང་དང་། གནས་བཟང་པོ་ཐོབ་པའི་སྔ་ལྟས་སོ། །འདུ་འཛི་སྤངས་པ་དང་། མཁན་པོ་དང་། སློབ་དཔོན་དང་། ཕ་མ་དང་ཕུ་ནུ་ལ་{སྩོགས་,སོགས་}པ་བླ་མ་རྣམས་ལ་ཚུལ་དང་འདྲ་བར་རིམ་གྲོར་བྱས་པ་དང་། བཙུན་པར་
D8.025.0051b02.01བྱས་པ་དང་། བཅོལ་པ་རྣ་ལ་མ་གཟན་པས་སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་པ་དང་། ཞལ་མཛོད་སྤུས་བརྒྱན་པ་སྟེ། དེ་ནི་མཉམ་པ་{མྱེད་,མེད་}པའི་སྔ་ལྟས་སོ། །{མྱི་,མི་}སྙན་པར་{མྱི་,མི་}ཟེར་ཞིང་{མྱི་,མི་}སྨོད་ལ་སྙན་པར་སྨྲ་ཞིང་། ལེགས་པར་བཤད་པ་མཐུན་པར་འཛིན་
D8.025.0051b03.01པས་སེང་གེའི་རོ་སྟོད་ལྟ་བུ་དང་། ཕྲག་པའི་ལྷུན་མཛེས་པར་གྲུབ་པ་སྟེ། དེ་ནི་ཐུབ་པ་{མྱེད་,མེད་}པའི་སྔ་ལྟས་སོ། །ན་བ་རྣམས་ལ་རྩི་དང་། རིམ་གྲོ་དང་། སྨན་དང་ཉམས་སུ་ཕན་པའི་ཟས་བྱིན་པ་དང་། རིམ་གྲོ་བྱས་པས་ཕྲག་སོ་ཤིན་ཏུ་རྒྱས་པ་དང་། རོ་བྲོ་བའི་
D8.025.0051b04.01མཆོག་སྟེ། དེ་ནི་ནད་ཉུང་བའི་སྔ་ལྟས་སོ། །སྐྱེད་མོས་ཚལ་དང་། འཁོར་དང་། བཏུང་བ་དང་། རྫིང་བུ་དང་། རྒལ་དཀའ་བའི་ཟམ་པ་དང་། ཁ་ཟས་དང་། འཕྲེང་བའི་གནས་དང་། སྟེགས་དང་། གཙུག་ལག་ཁང་བྱ་བ་ལ་{སྩོགས་,སོགས་}པ་ལ་གཞན་མོས་
D8.025.0051b05.01པར་བྱ་བ་སྔོན་དུ་གཏོང་ཞིང་། བདག་གིས་གཞན་བྱིན་པས་ཤིང་ནྱ་གྲོད་ལྟར་ཆུ་ཞེང་གབ་པ་དང་། དབུ་སྤྱི་གཙུག་དང་ལྡན་པ་སྟེ། དེ་ནི་མངའ་ཆེན་པོ་མངའ་བའི་སྔ་ལྟས་སོ། །ཡུན་རིང་པོར་ཚིག་སྙན་ཅིང་འཇམ་པ་དང་། ཉམས་སུ་བདེ་བར་སྨྲས་
D8.025.0051b06.01པས་ལྗགས་ཤིན་ཏུ་ཡངས་ཤིང་སྲབ་པ་དང་། ཚངས་པའི་དབྱངས་ཏེ། དེ་གཉིས་ནི་ཡན་ལག་ལྔ་དང་ལྡན་པའི་གསུང་མངའ་བའི་སྔ་ལྟས་སོ། །གསུང་ཡན་ལག་ལྔ་དང་ལྡན་པ་ཞེས་བྱ་བ་ནི་ཡོངས་སུ་ཤེས་ཤིང་། རྣམ་པར་ཤེས་པར་འགྱུར་བ་
D8.025.0051b07.01