完整藏文原文 · 德格版页 当前仅加载第 25 函德格 343b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པར་རྫོགས་པའི་སངས་རྒྱས་ནི་ཆོས་ཐམས་ཅད་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པས། དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་
D8.025.0343b01.01ཆེན་པོ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཁྱད་པར་དེ་ཡོད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཞུགས་པ་ཡང་གཞན་ལ། འབྲས་བུ་ལ་གནས་པ་ཡང་གཞན་ཏེ། དེ་
D8.025.0343b02.01གཉིས་ཀ་ཡང་འཕགས་པའི་གང་ཟག་མ་ཡིན་ཞེས་{མྱི་,མི་}བྱའོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བར་ཆད་{མྱེད་,མེད་}པའི་ལམ་དུ་ཞུགས་པ་ཡིན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
D8.025.0343b03.01པར་རྫོགས་པའི་སངས་རྒྱས་ནི་ཆོས་ཐམས་ཅད་ལ་སྒྲིབ་པ་{མྱེད་,མེད་}པའི་ཡེ་ཤེས་བརྙེས་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
D8.025.0343b04.01རྒྱས་ཀྱི་ཁྱད་པར་རོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལགས་ན། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་དེ་དག་ལ་ནི་འདི་ནི་སེམས་ཅན་དམྱལ་བ་པའོ། །
D8.025.0343b05.01འདི་ནི་བྱོལ་སོང་གི་སྐྱེ་གནས་པའོ། །འདི་ནི་གཤིན་རྗེའི་འཇིག་རྟེན་པའོ། །འདི་ནི་ལྷའོ། །འདི་ནི་མྱིའོ། །འདི་ནི་རིགས་ཀྱི་སའོ། །འདི་ནི་བརྒྱད་པའོ། །འདི་ནི་རྒྱུན་ཏུ་ཞུགས་པའོ། །འདི་ནི་ལན་ཅིག་ཕྱིར་འོང་བའོ། །
D8.025.0343b06.01འདི་ནི་ཕྱིར་{མྱི་,མི་}འོང་བའོ། །འདི་ནི་དགྲ་བཅོམ་པའོ། །འདི་ནི་རང་སངས་རྒྱས་སོ། །འདི་ནི་བྱང་ཆུབ་སེམས་དཔའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བགྱི་བར་
D8.025.0343b07.01