藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 375b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

གཉིས་སུ་མ་མཆིས་པས་ཐོབ་པ་དང་། མངོན་པར་རྟོགས་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཉིས་ཀྱིས་ཀྱང་ཐོབ་པ་དང་། མངོན་པར་རྟོགས་པར་འགྱུར་བ་{མྱེད་,མེད་}དེ། གཉིས་སུ་{མྱེད་,མེད་}

D8.025.0375b01.01
2

པས་ཀྱང་ཐོབ་པ་དང་མངོན་པར་རྟོགས་པར་འགྱུར་བ་{མྱེད་,མེད་}དེ། གང་ལ་གཉིས་ཀྱང་{མྱེད་,མེད་}ལ། {མྱི་,མི་}གཉིས་པ་ཡང་{མྱེད་,མེད་}པ་ནི་ཐོབ་པ་དང་། མངོན་པར་རྟོགས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདི་ནི་ཐོབ་

D8.025.0375b02.01
3

པའོ། །འདི་ནི་མངོན་པར་རྟོགས་པའོ་ཞེས་བྱ་བ་ནི་སྤྲོས་པ་སྟེ། ཆོས་མཉམ་པ་ཉིད་ལ་སྤྲོས་པ་{མྱེད་,མེད་}དེ། སྤྲོས་པ་{མྱེད་,མེད་}པ་ནི་ཆོས་མཉམ་པ་ཉིད་དོ། །གསོལ་པ། བཅོམ་ལྡན་འདས་ཆོས་དངོས་པོ་མ་མཆིས་པའི་ངོ་

D8.025.0375b03.01
4

བོ་ཉིད་རྣམས་ལ། ཆོས་ཀྱི་མཉམ་པ་ཉིད་དེས་བགྱི་བ་ཡང་གང་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ལ་དངོས་པོ་{མྱེད་,མེད་}པ་དང་། དངོས་པོ་{མྱེད་,མེད་}པ་ཡང་མ་ཡིན་པ་དང་། ངོ་བོ་ཉིད་{མྱེད་,མེད་}པ་དང་།

D8.025.0375b04.01
5

ཡོངས་སུ་བརྗོད་པ་{མྱེད་,མེད་}པ་འདི་ནི། ཆོས་མཉམ་པ་ཉིད་དེ། ཆོས་མཉམ་པ་ཉིད་པོ་དེ་ནི་བརྗོད་དུ་{མྱེད་,མེད་}པའོ། །ཆོས་མཉམ་པ་ཉིད་མ་གཏོགས་པར་ཡང་{དམྱིགས་,དམིགས་}པར་འགྱུར་བའི་ཆོས་གང་ཡང་{མྱེད་,མེད་}དེ། ཆོས་མཉམ་

D8.025.0375b05.01
6

པ་ཉིད་ནི་ཆོས་ཐམས་ཅད་ལས་རྣམ་པར་འདས་པའོ། །ཆོས་མཉམ་པ་ཉིད་ནི་བྱིས་པ་འམ། འཕགས་པ་འམ། ཆོས་གང་གིས་ཀྱང་ཤེས་པར་{མྱི་,མི་}རུང་ཞིང་། ཡུལ་མ་ཡིན་པའོ། །གསོལ་པ། བཅོམ་

D8.025.0375b06.01
7

ལྡན་འདས་ཆོས་མཉམ་པ་ཉིད་པོ་དེ་དེ་བཞིན་གཤེགས་པའི་ཡུལ་ཡང་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་མཉམ་པ་ཉིད་ནི་འཕགས་པ་ཐམས་ཅད་ཀྱི་ཡུལ་མ་

D8.025.0375b07.01