完整藏文原文 · 德格版页 当前仅加载第 25 函德格 34b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པར་ཤེས་ནས། འདི་སྐད་དུ་གྲོགས་པོ་དག་འདུ་བྱེད་ཐམས་ཅད་ནི་{མྱི་,མི་}རྟག་པ། འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་བ། འདུ་བྱེད་ཐམས་ཅད་ནི་བདག་{མྱེད་,མེད་}པ། འདུ་བྱེད་ཐམས་ཅད་ནི་{མྱི་,མི་}བརྟན་པ། འདུ་བྱེད་ཐམས་ཅད་ནི་ཡིད་བརྟན་དུ་{མྱི་,མི་}རུང་བ། འདུ་བྱེད་ཐམས་ཅད་ནི་རྣམ་
D8.025.0034b01.01པར་འགྱུར་བའི་ཆོས་ཅན་ཡིན་ན། འདུ་བྱེད་རྣམས་ལ་ལྟ་སུ་ཞིག་ཡིད་ཕེབས་པར་གནས་ཤེས་ཆོས་སྟོན་ཏོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་
D8.025.0034b02.01གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ་
D8.025.0034b03.01ཆོས་སྟོན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལས་ལྷའི་བུ་དེ་དག་གིས་ཆོས་དེ་ཐོས་ནས། ཐེག་པ་གསུམ་པོས་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཡོངས་སུ་མྱ་
D8.025.0034b04.01ངན་ལས་འདའ་བར་འགྱུར་བ་མཐོང་སྟེ། །རབ་འབྱོར་དེ་ལ་ལྷའི་བུ་གང་འདོད་པའི་ཡོན་ཏན་ལྔས་ཤས་ཆེར་མྱོས་པ་དེ་དག་ལ་གཞལ་{མྱེད་,མེད་}ཁང་དེ་དག་འབར་བར་སྣང་བར་བྱས་ཤིང་། དེ་དག་སྐྱོ་བར་གྱུར་པར་ཤེས་ནས། འདི་སྐད་དུ་གྲོགས་པོ་དག་འདུ་བྱེད་
D8.025.0034b05.01ཐམས་ཅད་ནི་{མྱི་,མི་}རྟག་པ། འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་བ། འདུ་བྱེད་ཐམས་ཅད་ནི་བདག་{མྱེད་,མེད་}པ། འདུ་བྱེད་ཐམས་ཅད་ནི་{མྱི་,མི་}བརྟན་པ། འདུ་བྱེད་ཐམས་ཅད་ནི་ཡིད་བརྟན་དུ་{མྱི་,མི་}རུང་བ། འདུ་བྱེད་ཐམས་ཅད་ནི་རྣམ་པར་འགྱུར་བའི་ཆོས་ཅན་ཡིན་ན།
D8.025.0034b06.01འདུ་བྱེད་རྣམས་ལ་ལྟ་སུ་ཞིག་ཡིད་ཕེབས་པར་གནས་ཤེས་ཆོས་སྟོན་ཏོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་
D8.025.0034b07.01