藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 338a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་ལ་སྤྱོད་ཀྱང་། དེ་ལ་{མྱི་,མི་}རྟོག་ཅིང་། {མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་

D8.025.0338a01.01
2

ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་དོ། །བདག་གིས་{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་

D8.025.0338a02.01
3

ལ་{མྱི་,མི་}རྟོག་པ་སྟེ། {མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་

D8.025.0338a03.01
4

དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་{མྱི་,མི་}རྟོག་ཅིང་། དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་ནི་དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་དོ། །བདག་གིས་དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་བསྒོམ་

D8.025.0338a04.01
5

པར་བྱའོ། །འདིའི་དོན་དུ་དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་{མྱི་,མི་}རྟོག་པ་སྟེ། དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་

D8.025.0338a05.01
6

དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་{མྱི་,མི་}རྟོག་ཅིང་། ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་ནི་ངོ་བོ་ཉིད་སྟོང་

D8.025.0338a06.01
7

པ་ཉིད་དོ། །བདག་གིས་ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་{མྱི་,མི་}རྟོག་པ་སྟེ། ངོ་བོ་ཉིད་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་།

D8.025.0338a07.01