完整藏文原文 · 德格版页 当前仅加载第 25 函德格 251a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ། །བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ །བྱམས་པ་ལ་སྙོམས་པར་འཇུག་གོ །སྙིང་རྗེ་ལ་སྙོམས་པར་འཇུག་གོ །དགའ་
D8.025.0251a01.01བ་ལ་སྙོམས་པར་འཇུག་གོ །བཏང་སྙོམས་ལ་སྙོམས་པར་འཇུག་གོ །གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་བཞི་ལ་སྙོམས་པར་འཇུག་གོ །དེ་དག་བསམ་གཏན་དང་། ཚད་{མྱེད་,མེད་}པ་དང་། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་དེ་དག་གིས་སེམས་
D8.025.0251a02.01དུལ་བར་གྱུར་པས། དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ། །ཡང་དག་པར་སྤོང་བ་བཞི་སྒོམ་མོ། །རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་མོ། །དབང་པོ་ལྔ་སྒོམ་མོ། །སྟོབས་ལྔ་སྒོམ་མོ། །བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་མོ། །འཕགས་པའི་ལམ་
D8.025.0251a03.01ཡན་ལག་བརྒྱད་པ་སྒོམ་མོ། །རྣམ་པར་ཐར་པའི་སྒོ་གསུམ་སྒོམ་མོ། །དེ་དག་བསྒོམས་པས། རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་འདའ་སྟེ། དེ་ལ་ལ་ལ་ནི་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་བྱང་ཆུབ་ཀྱི་ལམ་ལས་
D8.025.0251a04.01ཡོངས་སུ་{མྱི་,མི་}ཉམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་
D8.025.0251a05.01སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་
D8.025.0251a06.01ལ་གནས་ཤིང་ཤེས་རབ་འཆལ་བར་གྱུར་པའི་སེམས་ཅན་དག་མཐོང་ན། འདི་སྐད་དུ་སེམས་ཅན་ཁྱེད་ཅིའི་ཕྱིར་ཤེས་རབ་ཀྱི་སྒོམ་ཞེས་རྗོད་དེ། དེ་དག་རྐྱེན་དང་{མྱི་,མི་}ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་
D8.025.0251a07.01