藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 337a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །བདག་གིས་མཐའ་ལས་འདས་པ་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་མཐའ་ལས་འདས་པ་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་

D8.025.0337a01.01
2

དེ་དག་ལ་{མྱི་,མི་}རྟོག་པ་སྟེ། མཐའ་ལས་འདས་པ་སྟོང་པ་ཉིད། གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ།

D8.025.0337a02.01
3

དགེ་བའི་ཆོས་ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་ལ་སྤྱོད་ཀྱང་། དེ་ལ་{མྱི་,མི་}རྟོག་ཅིང་། ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་བསྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་དོ། །བདག་

D8.025.0337a03.01
4

གིས་ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་{མྱི་,མི་}རྟོག་པ་སྟེ། ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་

D8.025.0337a04.01
5

སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་{མྱི་,མི་}རྟོག་ཅིང་། དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་

D8.025.0337a05.01
6

བསྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་ནི་དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་དོ། །བདག་གིས་དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་

D8.025.0337a06.01
7

{མྱི་,མི་}རྟོག་པ་སྟེ། དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་རང་

D8.025.0337a07.01