藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 307a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་{མྱི་,མི་}རྒྱ་སྟེ། དེ་བདག་ཉིད་ཀྱང་དགེ་བའི་རྩ་བ་ཐམས་ཅད་དང་ལྡན་པ་ཡིན། སེམས་ཅན་ཐམས་ཅད་ཀྱང་དགེ་བའི་རྩ་བ་དང་ལྡན་པ་ཡིན། སེམས་ཅན་དེ་དག་ཐམས་

D8.025.0307a01.01
2

ཅད་ཀྱང་། དགེ་བའི་རྩ་བ་དང་ལྡན་པར་བྱེད་པ་ཡིན་ཏེ། དེ་བདག་ཉིད་ཀྱི་ལུས་ཀྱང་མཛེས་པ་ཡིན། སེམས་ཅན་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཡོངས་སུ་སྨྱིན་པར་བྱས་པ་དེ་དག་ཀྱང་འདི་ལྟ་སྟེ། བསོད་ནམས་ཀྱིས་ཡོངས་

D8.025.0307a02.01
3

སུ་བཟུང་བའི་ཕྱིར། གཟུགས་བཟང་ཞིང་མཛེས་ལ། ཡིད་དུ་འོང་བའི་གཟུགས་མངོན་པར་འགྲུབ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སངས་རྒྱས་ཀྱི་ཞིང་དེ་ལྟར་ཡོངས་སུ་དག་པར་བྱེད་དོ། །ཅི་ནས་ཀྱང་ངན་སོང་

D8.025.0307a03.01
4

གསུམ་དུ་གདགས་པའི་{མྱིང་,མིང་}ཡང་{མྱི་,མི་}སྲིད་པ་དང་། ལྟ་བ་རྣམ་པར་གདགས་པའི་{མྱིང་,མིང་}ཡང་{མྱི་,མི་}སྲིད་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དུ་གདགས་པའི་{མྱིང་,མིང་}ཡང་{མྱི་,མི་}སྲིད་པ་དང་། བུད་{མྱེད་,མེད་}དང་། སྐྱེས་པར་གདགས་པའི་{མྱིང་,མིང་}ཡང་{མྱི་,མི་}

D8.025.0307a04.01
5

སྲིད་པ་དང་། ཐེག་པ་གཉིས་སུ་གདགས་པའི་{མྱིང་,མིང་}ཡང་{མྱི་,མི་}སྲིད་པ་དང་། {མྱི་,མི་}རྟག་པ་དང་། སྡུག་བསྔལ་བ་དང་། བདག་{མྱེད་,མེད་}པར་གདགས་པའི་{མྱིང་,མིང་}ཡང་{མྱི་,མི་}སྲིད་པ་དང་། ཡོངས་སུ་འཛིན་པར་གདགས་པའི་{མྱིང་,མིང་}ཡང་{མྱི་,མི་}སྲིད་པ་དང་། བདག་དང་

D8.025.0307a05.01
6

བདག་གིར་བྱ་བར་གདགས་པའི་{མྱིང་,མིང་}ཡང་{མྱི་,མི་}སྲིད་པ་དང་། བག་ལ་ཉལ་བ་དང་། ཀུན་ནས་ལྡང་བར་གདགས་པའི་{མྱིང་,མིང་}ཡང་{མྱི་,མི་}སྲིད་པ་དང་། ཕྱིན་ཅི་ལོག་ཏུ་གདགས་པའི་{མྱིང་,མིང་}ཡང་{མྱི་,མི་}སྲིད་པ་དང་། འབྲས་བུར་གདགས་པའི་{མྱིང་,མིང་}ཡང་{མྱི་,མི་}སྲིད་པ་དང་།

D8.025.0307a06.01
7

གཞན་དུ་ན་སེམས་ཅན་དེ་དག་འདོད་པ་བཞིན་དུ་ཤིང་རླུང་གིས་བཏབ་པ་འམ། ཕྱི་ནང་གི་དངོས་པོ་དག་ལས་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་སྒྲ་དང་། མཚན་མ་{མྱེད་,མེད་}པའི་སྒྲ་དང་། སྨོན་པ་{མྱེད་,མེད་}པའི་སྒྲ་དང་། {མྱི་,མི་}སྐྱེ། {མྱི་,མི་}འགག་པའི་སྒྲ་དང་། ཆོས་

D8.025.0307a07.01