完整藏文原文 · 德格版页 当前仅加载第 25 函德格 24a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་དགྱེས་པར་{མྱི་,མི་}འགྱུར་བར་མ་ཡིན་གྱི། དགྱེས་པར་འགྱུར་བ་དང་། ཐུགས་སུ་{མྱི་,མི་}བྱོན་པས་མ་ཡིན་གྱི། ཐུགས་སུ་བྱོན་པ་དང་། མ་གུས་པས་མ་ཡིན་གྱི། གུས་པར་ཤིན་ཏུ་དད་པས་བསྙེན་
D8.025.0024a01.01བཀུར་བྱེད་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་གང་བསྟན་པ་དེ་ཡང་འཛིན་ཅིང་། བཟུང་ནས་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་
D8.025.0024a02.01དུ་འཆང་ཞིང་ནམ་དུ་ཡང་ཆུད་{མྱི་,མི་}གཟོན་ཏོ། །རབ་འབྱོར་ངས་འདི་ཉིད་ནས་སེམས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་
D8.025.0024a03.01དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་པ་རྣམས་མཐོང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་དགྱེས་པར་{མྱི་,མི་}འགྱུར་བར་མ་ཡིན་གྱི་དགྱེས་པར་འགྱུར་
D8.025.0024a04.01བ་དང་། ཐུགས་སུ་{མྱི་,མི་}བྱོན་བསམ་ཡིན་གྱི། ཐུགས་སུ་བྱོན་པ་དང་། མ་གུས་པས་མ་ཡིན་གྱི། གུས་པར་ཤིན་ཏུ་དད་པས་བསྟེན་བཀུར་བྱེད་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་
D8.025.0024a05.01གང་བསྟན་པ་དེ་ཡང་འཛིན་ཅིང་། བཟུང་ནས་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དུ་འཆང་ཞིང་ནམ་དུ་ཡང་ཆུད་{མྱི་,མི་}གཟོན་ཏོ། །རབ་འབྱོར་གས་འདི་ཉིད་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་
D8.025.0024a06.01ལ་རྣམ་པར་གཟིགས་ན། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་པ་རྣམས་མཐོང་སྟེ། བྱང་ཆུབ་
D8.025.0024a07.01