藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 199b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །དགྲ་བཅོམ་

D8.025.0199b01.01
2

པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རང་བྱང་ཆུབ་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འཇིག་རྟེན་

D8.025.0199b02.01
3

གྱི་ཐ་སྙད་དུ་བཏགས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཆོས་གང་ལ་ཡང་འཕེལ་བར་བྱེད་པ་འམ། འགྲིབ་པར་བྱེད་པ་འམ། ཕན་འདོགས་པ་འམ། གནོད་པར་བྱེད་པ་དེ་ལྟ་བུ་གང་ཡང་མ་{དམྱིགས་,དམིགས་}ཏེ། ཆོས་ཀྱི་རང་

D8.025.0199b03.01
4

བཞིན་ཉེ་བར་བཟུང་ན་ཆོས་རྣམས་ཆོས་ཀྱི་རང་བཞིན་དེ་ཡང་མ་{དམྱིགས་,དམིགས་}ན། སེམས་དང་པོ་བསྐྱེད་པ་{དམྱིགས་,དམིགས་}པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་{མྱེད་,མེད་}དོ། །ས་བཅུའི་བར་དུ་{དམྱིགས་,དམིགས་}པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་{མྱེད་,མེད་}དོ། །སྦྱིན་

D8.025.0199b04.01
5

པའི་ཕ་རོལ་ཏུ་ཕྱིན་པ་{དམྱིགས་,དམིགས་}པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་{མྱེད་,མེད་}དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་།

D8.025.0199b05.01
6

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་{དམྱིགས་,དམིགས་}པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་{མྱེད་,མེད་}དོ། །ནང་སྟོང་པ་ཉིད་{དམྱིགས་,དམིགས་}པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་{མྱེད་,མེད་}དོ། །ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་།

D8.025.0199b06.01
7

ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་དང་། དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་དང་། རང་བཞིན་

D8.025.0199b07.01