藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 374b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

གནས་པ་དང་། གསོ་བ་{མྱེད་,མེད་}པ་ལ་གསོ་བའི་འདུ་ཤེས་སུ་གནས་པ་དང་། སྐྱེས་བུ་{མྱེད་,མེད་}པ་ལ་སྐྱེས་བུའི་འདུ་ཤེས་སུ་གནས་པ་དང་། གང་ཟག་{མྱེད་,མེད་}པ་ལ་གང་ཟག་གི་འདུ་ཤེས་སུ་གནས་པ་དང་། ཤེད་ཅན་{མྱེད་,མེད་}པ་ལ་ཤེད་ཅན་

D8.025.0374b01.01
2

གྱི་འདུ་ཤེས་སུ་གནས་པ་དང་། ཤེད་བདག་{མྱེད་,མེད་}པ་ལ་ཤེད་བདག་གི་འདུ་ཤེས་སུ་གནས་པ་དང་། བྱེད་པ་པོ་{མྱེད་,མེད་}པ་ལ་བྱེད་པ་པོའི་འདུ་ཤེས་སུ་གནས་པ་དང་། བྱེད་དུ་འཇུག་པ་པོ་{མྱེད་,མེད་}པ་ལ་བྱེད་དུ་འཇུག་པ་པོའི་འདུ་ཤེས་སུ་

D8.025.0374b02.01
3

གནས་པ་དང་། སློང་བ་པོ་{མྱེད་,མེད་}པ་ལ་སློང་བ་བོའི་འདུ་ཤེས་སུ་གནས་པ་དང་། སློང་དུ་འཇུག་པ་པོ་{མྱེད་,མེད་}པ་ལ་སློང་དུ་འཇུག་པ་པོའི་འདུ་ཤེས་སུ་གནས་པ་དང་། ཚོར་བ་པོ་{མྱེད་,མེད་}པ་ལ་ཚོར་བ་པོའི་འདུ་ཤེས་སུ་གནས་པ་དང་།

D8.025.0374b03.01
4

ཚོར་དུ་འཇུག་པ་པོ་{མྱེད་,མེད་}པ་ལ་ཚོར་དུ་འཇུག་པ་པོའི་འདུ་ཤེས་སུ་གནས་པ་དང་། ཤེས་པ་པོ་{མྱེད་,མེད་}པ་ལ་ཤེས་པ་པོའི་འདུ་ཤེས་སུ་གནས་པ་དང་། མཐོང་བ་པོ་{མྱེད་,མེད་}པ་ལ་མཐོང་བ་པོའི་འདུ་ཤེས་སུ་གནས་པ་དེ་དག་ཕྱིན་ཅི་

D8.025.0374b04.01
5

ལོག་ལས་རྣམ་པར་འགྲེལ་ཏེ། ཕྱིན་ཅི་ལོག་ལས་རྣམ་པར་བཀྲོལ་ཞིང་འཆི་བ་{མྱེད་,མེད་}པའི་དབྱིངས་སུ་འགོད་དོ། །དེ་ལ་བཀོད་ནས་རྒྱུ་བ་འདི་དག་ཡོངས་སུ་{མྱི་,མི་}རྒྱུ་སྟེ། བདག་གི་འདུ་ཤེས་སམ། སེམས་ཅན་གྱི་འདུ་

D8.025.0374b05.01
6

ཤེས་སམ། སྲོག་གི་འདུ་ཤེས་སམ། འགྲོ་བའི་འདུ་ཤེས་སམ། གསོ་བའི་འདུ་ཤེས་སམ། སྐྱེས་བུའི་འདུ་ཤེས་སམ། གང་ཟག་གི་འདུ་ཤེས་སམ། ཤེད་ཅན་གྱི་འདུ་ཤེས་སམ། ཤེད་བདག་གི་འདུ་ཤེས་

D8.025.0374b06.01
7

སམ། བྱེད་པ་པོའི་འདུ་ཤེས་སམ། བྱེད་དུ་འཇུག་པ་པོའི་འདུ་ཤེས་སམ། སློང་བ་བོའི་འདུ་ཤེས་སམ། སློང་དུ་འཇུག་པ་པོའི་འདུ་ཤེས་སམ། ཚོར་བ་པོའི་འདུ་ཤེས་སམ། ཚོར་དུ་འཇུག་པ་པོའི་འདུ་

D8.025.0374b07.01