完整藏文原文 · 德格版页 当前仅加载第 25 函德格 126b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་སྟོན་ཏོ། །ཡང་དག་པར་སྐུལ་ལོ། །ཡང་དག་པར་གཟེང་སྟོད་དོ། །ཡང་དག་པར་དགའ་བར་བྱེད་དོ། །གཞོག་གོ། །འདུལ་ལོ། །རབ་ཏུ་འགོད་དོ། །དེ་ཡང་འཇིག་རྟེན་གྱི་
D8.025.0126b01.01ཐ་སྙད་ཀྱི་དོན་དམ་པར་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་སྟོང་པ་ཉིད་ལ་གང་ཐོབ་པར་བྱེད་པ་དང་། གང་གིས་ཐོབ་པར་བྱ་བ་དང་། གང་ཐོབ་པར་བྱ་བ་གང་ཡང་{མྱེད་,མེད་}དོ། །རབ་འབྱོར་འདི་ནི་ཡང་དག་པའི་མཐའ་སྟོང་པ་ཉིད་དེ། དེ་ལ་
D8.025.0126b02.01གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ཀྱི་དོན་དུ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ལ་སེམས་ཅན་དུ་{དམྱིགས་,དམིགས་}པ་{མྱེད་,མེད་}དོ། །སེམས་ཅན་དུ་གདགས་པར་{དམྱིགས་,དམིགས་}པ་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན།
D8.025.0126b03.01འདི་ལྟར་ཆོས་ཐམས་ཅད་ནི་སེམས་ཅན་གྱིས་དབེན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སེམས་ཅན་ལེ་ལོ་ཅན་བརྩོན་འགྲུས་ཆུང་བ་དག་
D8.025.0126b04.01མཐོང་ན། འདི་ལྟར་ལུས་དང་སེམས་ཀྱི་བརྩོན་འགྲུས་ལ་ཡང་དག་པར་སྐུལ་ཏེ། རིགས་ཀྱི་བུ་དག་རང་བཞིན་གྱིས་སྟོང་པ་ཉིད་ལ་ནི། ཆོས་གང་ཡང་ཞུམ་ཞིང་ལེ་ལོར་འགྱུར་བའམ་གང་ལ་ཞུམ་ཞིང་ལེ་ལོར་འགྱུར་བའམ་གང་གིས་ཞུམ་ཞིང་ལེ་ལོར་འགྱུར་བའམ།
D8.025.0126b05.01གང་ཞུམ་ཞིང་ལེ་ལོར་འགྱུར་བའི་ཆོས་གང་ཡང་{མྱེད་,མེད་}དེ། ཆོས་དེ་དག་ནི་ཐམས་ཅད་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ལས་{མྱི་,མི་}འདའ་བ་ཡིན་གྱིས། ལུས་དང་། སེམས་ཀྱི་བརྩོན་འགྲུས་སྐྱེད་ལ། ལེ་ལོ་བོར་ཏེ། དགེ་བའི་ཆོས་སྦྱིན་པ་འམ། ཚུལ་ཁྲིམས་
D8.025.0126b06.01སམ། བཟོད་པ་འམ། བརྩོན་འགྲུས་སམ། བསམ་གཏན་ནམ། ཤེས་རབ་བམ། ནང་སྟོང་པ་ཉིད་དམ། ཕྱི་སྟོང་པ་ཉིད་དམ། ཕྱི་ནང་སྟོང་པ་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་ཉིད་དམ། དོན་དམ་པ་སྟོང་པ་ཉིད་
D8.025.0126b07.01