藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 132b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པ་ཡིན། གཞན་ཡང་ཏིང་ངེ་འཛིན་རྣམས་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་གཟུངས་ཀྱི་སྒོ་རྣམས་ལ་སློབ་པ་ཡིན། གཞན་ཡང་གཟུངས་ཀྱི་སྒོ་རྣམས་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་དེ་བཞིན་གཤེགས་པའི་

D8.025.0132b01.01
2

སྟོབས་བཅུ་ལ་སློབ་པ་ཡིན། གཞན་ཡང་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་{མྱི་,མི་}འཇིགས་པ་བཞི་ལ་སློབ་པ་ཡིན། གཞན་ཡང་{མྱི་,མི་}འཇིགས་པ་བཞི་ལ་ཡང་དག་པར་སྐུལ་བ་ཡིན། བདག་

D8.025.0132b02.01
3

ཀྱང་སོ་སོ་ཡང་དག་པར་རིག་པ་བཞི་ལ་སློབ་པ་ཡིན། གཞན་ཡང་སོ་སོ་ཡང་དག་པར་རིག་པ་བཞི་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་བྱམས་པ་ཆེན་པོ་ལ་སློབ་པ་ཡིན། གཞན་ཡང་བྱམས་པ་ཆེན་པོ་ལ་ཡང་དག་པར་སྐུལ་བ་ཡིན།

D8.025.0132b03.01
4

བདག་ཀྱང་སྙིང་རྗེ་ཆེན་པོ་ལ་སློབ་པ་ཡིན། གཞན་ཡང་སྙིང་རྗེ་ཆེན་པོ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ལ་སློབ་པ་ཡིན། གཞན་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ལ་

D8.025.0132b04.01
5

ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་{མྱི་,མི་}ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སློབ་པ་ཡིན། གཞན་ཡང་{མྱི་,མི་}ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་སློབ་པ་ཡིན། གཞན་

D8.025.0132b05.01
6

ཡང་དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཤེས་པ་སྐྱེད་ཅིང་དེ་ལ་ཡང་{མྱི་,མི་}གནས་པ་ཡིན། གཞན་ཡང་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་འགོད་པ་ཡིན། བདག་ཀྱང་ལན་ཅིག་ཕྱིར་འོང་

D8.025.0132b06.01
7

བའི་འབྲས་བུའི་ཤེས་པ་སྐྱེད་ཅིང་དེ་ལ་ཡང་{མྱི་,མི་}གནས་པ་ཡིན། གཞན་ཡང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་འགོད་པ་ཡིན། བདག་ཀྱང་ཕྱིར་{མྱི་,མི་}འོང་བའི་འབྲས་བུའི་ཤེས་པ་སྐྱེད་ཅིང་དེ་ལ་ཡང་{མྱི་,མི་}གནས་པ་ཡིན། གཞན་ཡང་ཕྱིར་{མྱི་,མི་}འོང་བའི་

D8.025.0132b07.01