藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 25 函德格 191b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས་སྤྲུལ་པའི་བྱང་ཆུབ་འཛིན་པའམ། {མྱི་,མི་}འཛིན་པའམ། ཅི་ལ་ཡང་སྤྱོད་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་

D8.025.0191b01.01
2

ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དགྲ་བཅོམ་པའི་{རྨྱི་,རྨི་}ལམ་གྱི། བློ་འཛིན་པའམ། {མྱི་,མི་}འཛིན་པ་གང་ལ་ཡང་སྤྱོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་དགྲ་བཅོམ་པ་ལ་ཡོང་ཡང་

D8.025.0191b02.01
3

ཉལ་བ་མ་མཆིས་ན། དེའི་རྨི་ལམ་གྱི་བློ་འཛིན་པའམ། {མྱི་,མི་}འཛིན་པ་ལ། སྤྱོད་པར་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱང་

D8.025.0191b03.01
4

འཛིན་པའམ། {མྱི་,མི་}འཛིན་པ་ལ་སྤྱོད་པ་{མྱེད་,མེད་}དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་འཛིན་པ་ལ་ཡང་{མྱི་,མི་}སྤྱོད། {མྱི་,མི་}འཛིན་པ་ལ་ཡང་{མྱི་,མི་}སྤྱོད། གཟུགས་ལ་ཡང་{མྱི་,མི་}སྤྱོད། ཚོར་བ་

D8.025.0191b04.01
5

ལ་ཡང་{མྱི་,མི་}སྤྱོད། འདུ་ཤེས་ལ་ཡང་{མྱི་,མི་}སྤྱོད། འདུ་བྱེད་ལ་ཡང་{མྱི་,མི་}སྤྱོད། རྣམ་པར་ཤེས་པ་ལ་ཡང་{མྱི་,མི་}སྤྱོད། {མྱིག་,མིག་}ལ་ཡང་{མྱི་,མི་}སྤྱོད། རྣ་བ་ལ་ཡང་{མྱི་,མི་}སྤྱོད། སྣ་ལ་ཡང་{མྱི་,མི་}སྤྱོད། ལྕེ་ལ་ཡང་{མྱི་,མི་}སྤྱོད། ལུས་ལ་ཡང་{མྱི་,མི་}སྤྱོད། ཡིད་ལ་ཡང་{མྱི་,མི་}སྤྱོད།

D8.025.0191b05.01
6

གཟུགས་ལ་ཡང་{མྱི་,མི་}སྤྱོད། སྒྲ་ལ་ཡང་{མྱི་,མི་}སྤྱོད། དྲི་ལ་ཡང་{མྱི་,མི་}སྤྱོད། རོ་ལ་ཡང་{མྱི་,མི་}སྤྱོད། རེག་ལ་ཡང་{མྱི་,མི་}སྤྱོད། ཆོས་ལ་ཡང་{མྱི་,མི་}སྤྱོད། {མྱིག་,མིག་}གི་རྣམ་པར་ཤེས་པ་ལ་ཡང་{མྱི་,མི་}སྤྱོད། རྣ་བའི་རྣམ་པར་ཤེས་པ་ལ་ཡང་{མྱི་,མི་}སྤྱོད། སྣའི་རྣམ་པར་ཤེས་པ་

D8.025.0191b06.01
7

ལ་ཡང་{མྱི་,མི་}སྤྱོད། ལྕེའི་རྣམ་པར་ཤེས་པ་ལ་ཡང་{མྱི་,མི་}སྤྱོད། ལུས་ཀྱི་རྣམ་པར་ཤེས་པ་ལ་ཡང་{མྱི་,མི་}སྤྱོད། ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡང་{མྱི་,མི་}སྤྱོད། {མྱིག་,མིག་}གི་འདུས་ཏེ་རེག་པ་ལ་ཡང་{མྱི་,མི་}སྤྱོད། རྣ་བའི་འདུས་ཏེ་རེག་པ་ལ་ཡང་མི་སྤྱོད། སྣའི་འདུས་ཏེ་

D8.025.0191b07.01