藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 23 函德格 20b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པ་བཟུང་བའི་ཕྱིར་རམ། {མྱི་,མི་}གཟུང་བའི་ཕྱིར་སྤྱོད་པ་དང་། {མྱིག་,མིག་}གི་འདུས་ཏེ་རེག་པ་གཟུང་བའི་ཕྱིར་རམ། {མྱི་,མི་}གཟུང་བའི་ཕྱིར་སྤྱོད་པ་དང་། རྣ་བའི་འདུས་ཏེ་རེག་པ་གཟུང་བའི་ཕྱིར་རམ། {མྱི་,མི་}གཟུང་བའི་ཕྱིར་སྤྱོད་པ་དང་། སྣའི་འདུས་ཏེ་རེག་པ་

D8.023.0020b01.01
2

གཟུང་བའི་ཕྱིར་རམ། {མྱི་,མི་}གཟུང་བའི་ཕྱིར་སྤྱོད་པ་དང་། ལྕེའི་འདུས་ཏེ་རེག་པ་གཟུང་བའི་ཕྱིར་རམ། {མྱི་,མི་}གཟུང་བའི་ཕྱིར་སྤྱོད་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་གཟུང་བའི་ཕྱིར་རམ། {མྱི་,མི་}གཟུང་བའི་ཕྱིར་སྤྱོད་པ་དང་། ཡིད་ཀྱི་འདུས་ཏེ་

D8.023.0020b02.01
3

རེག་པ་གཟུང་བའི་ཕྱིར་རམ། མི་གཟུང་བའི་ཕྱིར་སྤྱོད་པ་དང་། {མྱིག་,མིག་}གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་གཟུང་བའི་ཕྱིར་རམ། {མྱི་,མི་}གཟུང་བའི་ཕྱིར་སྤྱོད་པ་དང་། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་གཟུང་བའི་ཕྱིར་རམ། མི་

D8.023.0020b03.01
4

གཟུང་བའི་ཕྱིར་སྤྱོད་པ་དང་། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་གཟུང་བའི་ཕྱིར་རམ། {མྱི་,མི་}གཟུང་བའི་ཕྱིར་སྤྱོད་པ་དང་། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་གཟུང་བའི་ཕྱིར་རམ། {མྱི་,མི་}གཟུང་བའི་ཕྱིར་སྤྱོད་པ་དང་། ལུས་ཀྱི་

D8.023.0020b04.01
5

འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་གཟུང་བའི་ཕྱིར་རམ། {མྱི་,མི་}གཟུང་བའི་ཕྱིར་སྤྱོད་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་གཟུང་བའི་ཕྱིར་རམ། {མྱི་,མི་}གཟུང་བའི་ཕྱིར་སྤྱོད་པ་དང་། སའི་ཁམས་གཟུང་བའི་ཕྱིར་རམ། {མྱི་,མི་}

D8.023.0020b05.01
6

གཟུང་བའི་ཕྱིར་སྤྱོད་པ་དང་། ཆུའི་ཁམས་གཟུང་བའི་ཕྱིར་རམ། {མྱི་,མི་}གཟུང་བའི་ཕྱིར་སྤྱོད་པ་དང་། {མྱེའི་,མེའི་}ཁམས་གཟུང་བའི་ཕྱིར་རམ། {མྱི་,མི་}གཟུང་བའི་ཕྱིར་སྤྱོད་པ་དང་། རླུང་གི་ཁམས་གཟུང་བའི་ཕྱིར་རམ། {མྱི་,མི་}གཟུང་བའི་ཕྱིར་སྤྱོད་པ་དང་།

D8.023.0020b06.01
7

ནམ་མཁའི་ཁམས་གཟུང་བའི་ཕྱིར་རམ། {མྱི་,མི་}གཟུང་བའི་ཕྱིར་སྤྱོད་པ་དང་། རྣམ་པར་ཤེས་པའི་ཁམས་གཟུང་བའི་ཕྱིར་རམ། {མྱི་,མི་}གཟུང་བའི་ཕྱིར་སྤྱོད་པ་དང་། མ་རིག་པ་གཟུང་བའི་ཕྱིར་རམ། {མྱི་,མི་}གཟུང་བའི་ཕྱིར་སྤྱོད་པ་དང་། འདུ་བྱེད་

D8.023.0020b07.01