完整藏文原文 · 德格版页 当前仅加载第 23 函德格 107a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པ་དེ་ནི་སྣའི་འདུས་ཏེ་རེག་པ་མ་ཡིན། ལྕེའི་འདུས་ཏེ་རེག་པ་ཡོངས་སུ་གཟུང་དུ་{མྱེད་,མེད་}པ་གང་ཡིན་པ་དེ་ནི་ལྕེའི་འདུས་ཏེ་རེག་པ་མ་ཡིན། ལུས་ཀྱི་འདུས་ཏེ་རེག་པ་ཡོངས་སུ་གཟུང་དུ་{མྱེད་,མེད་}པ་གང་ཡིན་པ་དེ་ནི་ལུས་ཀྱི་འདུས་
D8.023.0107a01.01ཏེ་རེག་པ་མ་ཡིན། ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་གཟུང་དུ་{མྱེད་,མེད་}པ་གང་ཡིན་པ་དེ་ནི་ཡིད་ཀྱི་འདུས་ཏེ་རེག་པ་མ་ཡིན། {མྱིག་,མིག་}གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་གཟུང་དུ་{མྱེད་,མེད་}པ་གང་ཡིན་པ་དེ་ནི་{མྱིག་,མིག་}གི་འདུས་ཏེ་རེག་པ་ལས་བྱུང་
D8.023.0107a02.01བའི་ཚོར་བ་མ་ཡིན། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་གཟུང་དུ་{མྱེད་,མེད་}པ་གང་ཡིན་པ་དེ་ནི་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་ཡིན། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་གཟུང་དུ་{མྱེད་,མེད་}པ་གང་
D8.023.0107a03.01ཡིན་པ་དེ་ནི་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་ཡིན། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་གཟུང་དུ་{མྱེད་,མེད་}པ་གང་ཡིན་པ་དེ་ནི། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་ཡིན། ལུས་ཀྱི་འདུས་ཏེ་རེག་པ་ལས་
D8.023.0107a04.01བྱུང་བའི་ཚོར་བ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་ཡིན། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་གཟུང་དུ་{མྱེད་,མེད་}པ་གང་ཡིན་པ་དེ་ནི། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་
D8.023.0107a05.01བའི་ཚོར་བ་མ་ཡིན། སའི་ཁམས་ཡོངས་སུ་གཟུང་དུ་{མྱེད་,མེད་}པ་གང་ཡིན་པ་དེ་ནི། སའི་ཁམས་མ་ཡིན། ཆུའི་ཁམས་ཡོངས་སུ་གཟུང་དུ་{མྱེད་,མེད་}པ་གང་ཡིན་པ་དེ་ནི། ཆུའི་ཁམས་མ་ཡིན། {མྱེའི་,མེའི་}ཁམས་ཡོངས་སུ་གཟུང་དུ་{མྱེད་,མེད་}པ་གང་ཡིན་པ་དེ་
D8.023.0107a06.01ནི་{མྱེའི་,མེའི་}ཁམས་མ་ཡིན། རླུང་གི་ཁམས་ཡོངས་སུ་གཟུང་དུ་{མྱེད་,མེད་}པ་གང་ཡིན་པ་དེ་ནི་རླུང་གི་ཁམས་མ་ཡིན། ནམ་མཁའི་ཁམས་ཡོངས་སུ་གཟུང་དུ་{མྱེད་,མེད་}པ་གང་ཡིན་པ་དེ་ནི་ནམ་མཁའི་ཁམས་མ་ཡིན། རྣམ་པར་ཤེས་པའི་ཁམས་ཡོངས་སུ་
D8.023.0107a07.01