完整藏文原文 · 德格版页 当前仅加载第 23 函德格 183b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། འོན་ཏེ་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་{མྱེད་,མེད་}དོ། །ཚོར་བའི་སྟོང་པ་ཉིད་གང་ཡིན་པ་དེ་
D8.023.0183b01.01ལ་ནི་ལན་གློན་པའི་མཐུ་{མྱེད་,མེད་}དོ། །འདུ་ཤེས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་{མྱེད་,མེད་}དོ། །འདུ་བྱེད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་{མྱེད་,མེད་}དོ། །རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ལ་ནི་ལན་
D8.023.0183b02.01གློན་པའི་མཐུ་{མྱེད་,མེད་}དོ། །གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་{མྱེད་,མེད་}དོ། །ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་{མྱེད་,མེད་}དོ། །འདུ་ཤེས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་{མྱེད་,མེད་}
D8.023.0183b03.01དོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་{མྱེད་,མེད་}དོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་{མྱེད་,མེད་}དོ། །བདག་གིས་ནི་གང་ལན་གློན་པ་དང་། གང་གིས་ལན་གློན་པ་དང་། གང་གི་ལན་གློན་
D8.023.0183b04.01པ་དང་། གང་ལ་ལན་གློན་པའི་ཆོས་དེ་ལྟ་བུ་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །གང་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དང་། གང་གིས་ལུང་བསྟན་པ་དང་། གང་ལ་ལུང་བསྟན་པའི་ཆོས་དེ་ཡང་བདག་གིས་ཡང་
D8.023.0183b05.01དག་པར་རྗེས་སུ་མ་མཐོང་སྟེ། ཆོས་དེ་དག་ཐམས་ཅད་ནི་གཉིས་སུ་{མྱེད་,མེད་}ཅིང་གཉིས་སུ་བྱར་{མྱེད་,མེད་}པའོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། ཆོས་དེ་དག་ཇི་སྐད་དུ་བཤད་པ་དེ་བཞིན་དུ་ཆོས་དེ་དག་ཁྱོད་ཀྱིས་མངོན་དུ་བྱས་སམ། བྱམས་པས་སྨྲས་པ།
D8.023.0183b06.01ཆོས་དེ་དག་ཇི་སྐད་བཤད་པ་དེ་ལྟར་ཆོས་དེ་དག་བདག་གིས་མངོན་དུ་བྱས་པ་{མྱེད་,མེད་}དོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་སྙམ་དུ་གྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་ནི་ཤེས་རབ་ཟབ་མོ་དང་ལྡན་པ་
D8.023.0183b07.01