完整藏文原文 · 德格版页 当前仅加载第 23 函德格 214a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་{མྱི་,མི་}ལྡོག་པར་ལུང་བསྟན་པར་རིག་པར་བྱའོ། །རབ་འབྱོར་གལ་ཏེ་ཡང་{མྱེའི་,མེའི་}ཕུང་པོ་དེ་བདེན་པའི་ཚིག་དེ་ལས་འགལ་ཏེ་ཁྱིམ་ནས་ཁྱིམ་དུ་ཚིག་སྲང་ནས་སྲང་དུ་ཚིག་སྟེ་
D8.023.0214a01.01ཁྱིམ་ལ་ལ་ནི་ཚིག །ཁྱིམ་ལ་ལ་ནི་མ་ཚིག །སྲོང་ལ་ལ་ནི་ཚིག །ལ་ལ་ནི་མ་ཚིག་ན་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་ཅན་འདི་དག་གི་ཁྱིམ་ལ་ལ་ནི་ཚིག། ཁྱིམ་ལ་ལ་ནི་མ་ཚིག་པ་ལས་ན། སེམས་ཅན་འདི་
D8.023.0214a02.01དག་གིས་ཆོས་སྤོང་བའི་ལས་བྱས་པས། དེ་དག་གི་ལས་ཚེ་འདི་ལ་རྣམ་པར་སྨིན་ཏེ། དེ་དག་ཆོས་ལ་བསྐུར་པ་དེ་ཉིད་ཀྱི་ལས་ཀྱི་ལྷག་མ་ཡང་རྣམ་པར་སྨིན་པར་འགྱུར་རོ་ཞེས་བྱ་བར་རིག་པར་བྱ་སྟེ། རབ་འབྱོར་འདི་ནི་ཕྱིར་མི་ལྡོག་པའི་བྱང་
D8.023.0214a03.01ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྒྱུ་དང་རྐྱེན་ཏེ། རྒྱུ་དེ་དག་དང་རྐྱེན་དེ་དག་གིས་ཕྱིར་{མྱི་,མི་}ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་རྣམ་པ་གང་དང་ཚུལ་གང་དང་། མཚན་མ་གང་
D8.023.0214a04.01གིས་ཕྱིར་{མྱི་,མི་}ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་རིག་པར་བྱ་བའི་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་བསྟན་པར་བྱའོ། །རབ་འབྱོར་གལ་ཏེ་བུད་མེད་དམ། སྐྱེས་པ་ལ་ལ་ཞིག་{མྱི་,མི་}མ་ཡིན་པས་
D8.023.0214a05.01བྱིན་གྱིས་བརླབས་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་སྙམ་དུ་གལ་ཏེ་བདག་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་
D8.023.0214a06.01ཆུབ་ཏུ་ལུང་བསྟན་ཏེ། བདག་གིས་བསམ་པ་ཡོངས་སུ་དག་ཅིང་བདག་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ལ། བདག་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་
D8.023.0214a07.01