完整藏文原文 · 德格版页 当前仅加载第 23 函德格 311a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བསྐྱེད་པའི་སེམས་དེ་དག་ནི་རྗེས་སུ་ཡི་རང་བར་བགྱི་བ་སྟེ། གང་གིས་སངས་རྒྱས་ཡོངས་སུ་མ་བཏང་བ་དང་། ཆོས་ཡོངས་སུ་མ་བཏང་བ་དང་། དགེ་འདུན་ཡོངས་སུ་མ་བཏང་བ་དེ་དག་གིས་སེམས་བསྐྱེད་པ་དེ་དག་ལ་
D8.023.0311a01.01རྗེས་སུ་ཡི་རང་བར་བགྱིའོ། །རྗེས་སུ་ཡི་རང་ནས་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བགྱི་སྟེ། ཇི་ལྟར་གཉིས་ཀྱི་འདུ་ཤེས་སུ་{མྱི་,མི་}འགྱུར་བ་དང་། གཉིས་སུ་མ་མཆིས་པའི་འདུ་ཤེས་སུ་ཡང་{མྱི་,མི་}འགྱུར་བ་དེ་ལྟར་ཡོངས་
D8.023.0311a02.01སུ་བསྔོ་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་ནོ། །ཀཽ་ཤི་ཀ་གང་སེམས་བསྐྱེད་པ་འདི་དག་ལ་རྗེས་སུ་ཡི་རང་བར་བྱེད་པ་དེ་དག་ནི། མྱུར་དུ་དེ་
D8.023.0311a03.01བཞིན་གཤེགས་པ་དེ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་པར་འགྱུར་ཏེ། མཉེས་པར་བྱས་ནས་ཀྱང་ཐུགས་བྱུང་བར་{མྱི་,མི་}འགྱུར་རོ། །དེ་ལྟར་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པའི་དགེ་བའི་རྩ་བ་
D8.023.0311a04.01དེ་དག་དང་ལྡན་པ་དག་ནི། གང་དང་གང་དུ་སྐྱེས་པ་དེ་དང་དེ་དག་ཏུ་རིམ་གྲོར་བྱ་བར་འགྱུར་རོ། །བཀུར་སྟིར་བྱ་བར་འགྱུར་རོ། །ཕུ་དུད་དུ་བྱ་བར་འགྱུར་རོ། །མཆོད་པར་བྱ་བར་འགྱུར་རོ། །དེས་ནམ་ཡང་གཟུགས་ཡིད་དུ་{མྱི་,མི་}འོང་བ་
D8.023.0311a05.01མཐོང་བར་{མྱི་,མི་}འགྱུར་རོ། །ནམ་ཡང་སྒྲ་ཡིད་དུ་{མྱི་,མི་}འོང་བ་ཐོས་པར་{མྱི་,མི་}འགྱུར་རོ། །ནམ་ཡང་དྲི་ཡིད་དུ་{མྱི་,མི་}འོང་བ་ཚོར་བར་{མྱི་,མི་}འགྱུར་རོ། །ནམ་ཡང་རོ་ཡིད་དུ་{མྱི་,མི་}འོང་བ་མྱོང་བར་{མྱི་,མི་}འགྱུར་རོ། །ནམ་ཡང་རེག་ཡིད་དུ་{མྱི་,མི་}འོང་བ་རེག་པར་{མྱི་,མི་}
D8.023.0311a06.01འགྱུར་རོ། །ནམ་ཡང་ཆོས་ཡིད་དུ་མི་འོང་བ་ཤེས་པར་མི་འགྱུར་རོ། །ནམ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྲལ་བར་{མྱི་,མི་}འགྱུར་ཏེ། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་
D8.023.0311a07.01