藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 23 函德格 168a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །རང་བཞིན་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །

D8.023.0168a01.01
2

{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །རབ་

D8.023.0168a02.01
3

འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྟོང་པ་ཉིད་དེ་དག་ལ་གནས་ཤིང་། ཇི་ལྟ་ཇི་ལྟར་མངོན་པར་འདུ་བྱ་བ་{མྱེད་,མེད་}པ་དེ་དག་ལ་རབ་ཏུ་རྟོག་པ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་

D8.023.0168a03.01
4

རོལ་ཏུ་ཕྱིན་པ་དང་མ་བྲལ་བར་འགྱུར་ཏོ། ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དེ་ལྟ་དེ་ལྟར་གྲངས་{མྱེད་,མེད་}དཔག་ཏུ་{མྱེད་,མེད་}ཚད་{མྱེད་,མེད་}པའི་བསོད་ནམས་འཕེལ་བར་འགྱུར་རོ། །

D8.023.0168a04.01
5

གསོལ་པ། བཅོམ་ལྡན་འདས་གྲངས་མ་མཆིས་པ་དང་། དཔག་ཏུ་མ་མཆིས་པ་དང་། ཚད་མ་མཆིས་པ་ལ་བྱེ་བྲག་ནི་ཅི་མཆིས། ཁྱེད་ནི་ཅི་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གྲངས་{མྱེད་,མེད་}པ་ཞེས་བྱ་བ་ནི་

D8.023.0168a05.01
6

གང་འདུས་བྱས་ཀྱི་ཁམས་སམ། འདུས་མ་བྱས་ཀྱི་ཁམས་སུ་བགྲང་བར་ཉེ་བར་{མྱི་,མི་}འགྲོའོ། །རབ་འབྱོར་དཔག་ཏུ་{མྱེད་,མེད་}པ་ཞེས་བྱ་བ་ནི། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ལ་ཚད་མི་{དམྱིགས་,དམིགས་}པའོ། །

D8.023.0168a06.01
7

རབ་འབྱོར་ཚད་{མྱེད་,མེད་}པ་ཞེས་བྱ་བ་ནི་གང་གཞལ་བར་{མྱི་,མི་}ནུས་པའོ། །གསོལ་པ། བཅོམ་ལྡན་འདས་རྣམ་གྲངས་གང་གིས་གཟུགས་ཀྱང་གྲངས་མ་མཆིས་དཔག་ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་བ་དེ་ལྟ་བུའི་རྣམ་གྲངས་མཆིས་སམ།

D8.023.0168a07.01