完整藏文原文 · 德格版页 当前仅加载第 23 函德格 234a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་ཆོས་ཐམས་ཅད་ནི་རང་བཞིན་དང་བྲལ་བ་སྟེ། དེ་དག་ནི་ཉན་ཐོས་ཀྱིས་མ་བྱས། རང་སངས་རྒྱས་ཀྱིས་མ་བྱས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་མ་མཛད་དེ།
D8.023.0234a01.01ཆོས་རྣམས་ཀྱི་ཆོས་ཉིད་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་འདི་ནི་གནས་པ་ཡིན་ནོ། །
D8.023.0234a02.01ཞེས་བྱ་བར་ཤེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་དབེན། རང་བཞིན་གྱིས་སྟོང་
D8.023.0234a03.01པ་སྟེ། དེ་ལ་འཕེལ་བ་{མྱེད་,མེད་}དོ། །ཡོངས་སུ་འགྲིབ་པ་མེད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་དབེན་ཞིང་རང་བཞིན་གྱིས་སྟོང་པ་ལགས་ན། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་
D8.023.0234a04.01དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བྱུང་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་
D8.023.0234a05.01འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བྱུང་ཡང་འཕེལ་བ་འམ་ཡོངས་སུ་འགྲིབ་པ་{མྱེད་,མེད་}དེ། དེ་བཞིན་ཉིད་ལ་འཕེལ་བའམ་ཡོངས་སུ་འགྲིབ་པ་མེད་དོ། །ཆོས་ཀྱི་དབྱིངས་ལ་འཕེལ་བ་
D8.023.0234a06.01འམ་ཡོངས་སུ་འགྲིབ་པ་{མྱེད་,མེད་}དོ། །ཡང་དག་པའི་མཐའ་ལ་འཕེལ་བ་འམ་ཡོངས་སུ་འགྲིབ་པ་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཅིག་ཀྱང་མ་ཡིན་གཉིས་ཀྱང་མ་ཡིན་ནོ། །རབ་འབྱོར་གལ་ཏེ་དེ་སྐད་དུ་བཤད་པ་ལ། བྱང་
D8.023.0234a07.01