藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 23 函德格 23a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

རྐང་པ་རྣམས་བསྒོམ་པར་{མྱི་,མི་}ནུས་སོ། །དབང་པོ་རྣམས་བསྒོམ་པར་{མྱི་,མི་}ནུས་སོ། །སྟོབས་རྣམས་བསྒོམ་པར་མི་ནུས་སོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་པར་{མྱི་,མི་}ནུས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་

D8.023.0023a01.01
2

བསྒོམ་པར་{མྱི་,མི་}ནུས་སོ། །འཕགས་པའི་བདེན་པ་རྣམས་བསྒོམ་པར་{མྱི་,མི་}ནུས་སོ། །བསམ་གཏན་རྣམས་བསྒོམ་པར་{མྱི་,མི་}ནུས་སོ། །ཚད་{མྱེད་,མེད་}པ་རྣམས་བསྒོམ་པར་{མྱི་,མི་}ནུས་སོ། །གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་བསྒོམ་པར་{མྱི་,མི་}ནུས་སོ། །

D8.023.0023a02.01
3

རྣམ་པར་ཐར་བ་རྣམས་བསྒོམ་པའི་{མྱི་,མི་}ནུས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་པར་{མྱི་,མི་}ནུས་སོ། །རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་བསྒོམ་པར་{མྱི་,མི་}ནུས་སོ། །མངོན་པར་

D8.023.0023a03.01
4

ཤེས་པ་རྣམས་བསྒོམ་པར་{མྱི་,མི་}ནུས་སོ། །ཏིང་ངེ་འཛིན་རྣམས་བསྒོམ་པར་{མྱི་,མི་}ནུས་སོ། །གཟུངས་ཀྱི་སྒོ་རྣམས་བསྒོམ་པར་{མྱི་,མི་}ནུས་སོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་བསྒོམ་པར་{མྱི་,མི་}ནུས་སོ། །{མྱི་,མི་}འཇིགས་པ་རྣམས་བསྒོམ་པར་{མྱི་,མི་}ནུས་སོ། །

D8.023.0023a04.01
5

སོ་སོ་ཡང་དག་པར་རིག་པ་རྣམས་བསྒོམ་པར་{མྱི་,མི་}ནུས་སོ། །བྱམས་པ་ཆེན་པོ་བསྒོམ་པར་{མྱི་,མི་}ནུས་སོ། །སྙིང་རྗེ་ཆེན་པོ་བསྒོམ་པར་{མྱི་,མི་}ནུས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བསྒོམ་པར་{མྱི་,མི་}ནུས་སོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་བསྒོམ་པར་{མྱི་,མི་}ནུས་

D8.023.0023a05.01
6

སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་བསྒོམ་པར་{མྱི་,མི་}ནུས་སོ། །ཕྱིར་{མྱི་,མི་}འོང་བའི་འབྲས་བུ་བསྒོམ་པར་{མྱི་,མི་}ནུས་སོ། །དགྲ་བཅོམ་པ་ཉིད་བསྒོམ་པར་{མྱི་,མི་}ནུས་སོ། །རང་བྱང་ཆུབ་བསྒོམ་པར་{མྱི་,མི་}ནུས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་བསྒོམ་པར་{མྱི་,མི་}ནུས་སོ། །

D8.023.0023a06.01
7

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒོམ་པར་{མྱི་,མི་}ནུས་སོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་འདི་ནི་ཆོས་ཐམས་ཅད་དང་རྗེས་སུ་མཐུན་པ་སྟེ། ཆོས་འདི་ཆོས་གང་རྣམས་དང་རྗེས་སུ་

D8.023.0023a07.01