完整藏文原文 · 德格版页 当前仅加载第 23 函德格 195b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཉན་ཐོས་སྟོང་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །ཉན་ཐོས་བརྒྱ་སྟོང་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །ཉན་ཐོས་བྱེ་བ་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །ཉན་ཐོས་བྱེ་བ་བརྒྱ་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །ཉན་ཐོས་བྱེ་བ་སྟོང་ཕྲག་ནི་འདི་སྙེད་ཅིག་
D8.023.0195b01.01ཡོད་དོ། །ཉན་ཐོས་བྱེ་བ་བརྒྱ་སྟོང་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །ཞེས་དགེ་སློང་གི་དགེ་འདུན་དེའི་ཚད་བཟུང་བར་{མྱི་,མི་}ནུས་ཏེ། གཞན་དུ་ན་ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་
D8.023.0195b02.01གྲངས་{མྱེད་,མེད་}གཞལ་དུ་{མྱེད་,མེད་}པར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་གྱི་མེ་ཏོག་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་
D8.023.0195b03.01རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བསྟན་པའི་སྐྱོན་འདི་དག་ཐམས་ཅད་དུ་ཐམས་ཅད་{མྱི་,མི་}འབྱུང་ཞིང་མི་སྲིད་དོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་སྲིང་མོ་འདིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་
D8.023.0195b04.01དག་པར་རྫོགས་པའི་སངས་རྒྱས་གང་ཞིག་ལ་མཆོད་པ་བགྱིས་ནས་དགེ་བའི་རྩ་བ་བསྐྱེད་དེ། སླར་{མྱི་,མི་}ལྡོག་པའི་སེམས་བསྐྱེད་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སྲིང་མོ་འདིས་ནི་དེ་བཞིན་གཤེགས་པ་དགྲ་
D8.023.0195b05.01བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱི་དྲུང་དུ་དགེ་བའི་རྩ་བ་བསྐྱེད་ནས། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དགེ་བའི་རྩ་བ་དེ་ཡང་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
D8.023.0195b06.01ཡོངས་སུ་བསྔོས་སོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་{མྱེ་,མེ་}མཛད་དེ་ལ་ཡང་། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་གསེར་གྱི་{མྱེ་,མེ་}ཏོག་ཉིད་ཀྱིས་གཏོར་ཏོ། །ཀུན་དགའ་
D8.023.0195b07.01