藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 23 函德格 377b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། ལེན་པ་དེ་དག་གཤེ་ཞིང་འཁྱལ་ལ་ཚུལ་མ་ཡིན་

D8.023.0377b01.01
2

པའི་ཚིག་རྩུབ་པོས་{མྱི་,མི་}སྙན་པར་བརྗོད་ཀྱང་དེ་དེ་དག་ལ་གནོད་པའི་སེམས་{མྱི་,མི་}སྐྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་

D8.023.0377b02.01
3

སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་

D8.023.0377b03.01
4

འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། ལེན་པ་དེ་དག་གཤེ་ཞིང་འཁྱལ་ལ། ཚུལ་མ་ཡིན་པའི་ཚིག་རྩུབ་པོས་{མྱི་,མི་}སྙན་པར་རྗོད་དེ། དེ་ལྟར་

D8.023.0377b04.01
5

སྤྱོ་བ་དང་། བཀྱལ་བ་དང་། ཚུལ་མ་ཡིན་པའི་ཚིག་རྩུབ་པོས་{མྱི་,མི་}སྙན་པར་བརྗོད་ཀྱང་སྦྱིན་པའི་བློ་དང་། ཡོངས་སུ་གཏོང་བའི་བློ་ཉིད་དུ་འགྱུར་ཏེ། བདག་གིས་ནི་སྦྱིན་པ་ཡོངས་སུ་གཏང་བར་བྱ་སྟེ། བདག་གིས་ནི་སྦྱིན་པ་ཡོངས་

D8.023.0377b05.01
6

སུ་{མྱི་,མི་}གཏང་བར་{མྱི་,མི་}བྱའོ་ཞེས་དེ་ལུས་དང་སེམས་ཀྱི་བརྩོན་འགྲུས་སྐྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་

D8.023.0377b06.01
7

འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་

D8.023.0377b07.01