完整藏文原文 · 德格版页 当前仅加载第 23 函德格 138b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
དམག་གི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་{མྱི་,མི་}གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་གནས་པས་ཆོས་གང་ལ་ཡང་བྱམས་པ་འམ། ཞེ་སྡང་བ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །
D8.023.0138b01.01གྲོང་གི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་{མྱི་,མི་}གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་པས། ཆོས་གང་ཡང་ཚོགས་སམ། ཚོགས་མ་ཡིན་པར་ཡང་དག་པར་རྗེས་སུ་མི་
D8.023.0138b02.01མཐོང་ངོ་། །གྲོང་ཁྱེར་གྱི་གཏམ་གྱི་སྦྱོར་བ་དང་། རྗེས་སུ་སྦྱོར་བ་ལ་བརྩོན་པར་{མྱི་,མི་}གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ནམ་མཁའ་སྟོང་པ་ཉིད་ལ་གནས་པས། ཆོས་གང་ཡང་གཟུང་བ་འམ། {མྱི་,མི་}གཟུང་བར་ཡང་དག་
D8.023.0138b03.01པར་རྗེས་སུ་{མྱི་,མི་}མཐོང་ངོ་། །གྲོང་རྡལ་གྱི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་{མྱི་,མི་}གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ཡང་དག་པའི་མཐའ་ལ་གནས་པས། ཆོས་གང་ཡང་འཕེལ་བ་འམ། འབྲི་བར་ཡང་དག་
D8.023.0138b04.01པར་རྗེས་སུ་{མྱི་,མི་}མཐོང་ངོ་། །བདག་གི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་{མྱི་,མི་}གནས། སེམས་ཅན་གྱི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་{མྱི་,མི་}གནས། སྲོག་གི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་
D8.023.0138b05.01བརྩོན་པར་{མྱི་,མི་}གནས། འགྲོ་བའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་{མྱི་,མི་}གནས། གསོ་བའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་{མྱི་,མི་}གནས། སྐྱེས་བུའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་
D8.023.0138b06.01{མྱི་,མི་}གནས། གང་ཟག་གི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་{མྱི་,མི་}གནས། ཤེད་ཅན་གྱི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་{མྱི་,མི་}གནས། ཤེད་བདག་གི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་
D8.023.0138b07.01