藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 23 函德格 128a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ན་བསམ་གཏན་གཉིས་པ་སྟོན། ཡང་ན་བསམ་གཏན་གསུམ་པ་སྟོན། ཡང་ན་བསམ་གཏན་བཞི་པ་སྟོན། ཡང་ན་བྱམས་པ་སྟོན། ཡང་ན་སྙིང་རྗེ་སྟོན། ཡང་ན་དགའ་བ་སྟོན། ཡང་ན་བཏང་སྙོམས་སྟོན། ཡང་ན་

D8.023.0128a01.01
2

ནམ་མཁའ་མཐའ་ཡས་སྐྱེ་མཆེད་སྟོན། ཡང་ན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་སྟོན། ཡང་ན་{ཆུང་ཟད་,ཅུང་ཟད་}{མྱེད་,མེད་}པའི་སྐྱེ་མཆེད་སྟོན། ཡང་ན་འདུ་ཤེས་{མྱེད་,མེད་}འདུ་ཤེས་{མྱེད་,མེད་}{མྱིན་,མིན་}སྐྱེ་མཆེད་སྟོན་ཅིང་། ཚེ་དང་ལྡན་པ་ལམ་དང་ནན་ཏན་གང་གིས། རྒྱུན་

D8.023.0128a02.01
3

ཏུ་ཞུགས་པའི་འབྲས་བུ་ཐོབ་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པ་དང་། ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ཐོབ་པ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་བའི་ལམ་དང་ནན་ཏན་ནི་འདི་ཡིན་ནོ། །ཚེ་དང་ལྡན་པ་ལམ་དང་ནན་ཏན་འདིས་འདི་

D8.023.0128a03.01
4

ཉིད་དུ་ཁྱོད་ཀྱིས་སྡུག་བསྔལ་གྱི་མཐར་ཕྱུངས་ཤིག་དང་། ཕྱིན་ཆད་འཁོར་བ་ན་སྤྱོད་པའི་སྡུག་བསྔལ་དེ་དག་མྱོང་བར་{མྱི་,མི་}འགྱུར་རོ། །ཀྱེ་མ་ཁྱོད་ཀྱི་ལུས་འདི་འདི་ཉིད་དུ་མངོན་པར་མ་གྲུབ་ན། ལུས་གཞན་ཡང་ཇི་ལྟར་ཡོངས་སུ་གཟུང་

D8.023.0128a04.01
5

བར་སེམས་ཤེས་ཟེར་ཡང་། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་{མྱི་,མི་}འཁྲུག་{མྱི་,མི་}གཡོ་ཞིང་གོང་དུ་ཡང་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་ལ་ལམ་གྱི་གཟུགས་བརྙན་སྟོན་པ་ནི། དགེ་སློང་འདི་

D8.023.0128a05.01
6

བདག་ལ་ཕན་འདོགས་པ་སྟེ། ལམ་གྱི་གཟུགས་བརྙན་དེས་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བར་ཡང་{མྱི་,མི་}འགྱུར། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བར་ཡང་{མྱི་,མི་}འགྱུར། ཕྱིར་{མྱི་,མི་}འོང་བའི་འབྲས་བུ་མངོན་དུ་བྱ་བར་ཡང་

D8.023.0128a06.01
7

{མྱི་,མི་}འགྱུར། དགྲ་བཅོམ་པ་ཉིད་མངོན་དུ་བྱ་བར་ཡང་{མྱི་,མི་}འགྱུར། རང་བྱང་ཆུབ་མངོན་དུ་བྱ་བར་ཡང་{མྱི་,མི་}འགྱུར། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ཏུ་བྱ་བར་ཡང་{མྱི་,མི་}འགྱུར་རོ་སྙམ་སྟེ། དེ་ལས་ཀྱང་གོང་དུ་གང་བདག་ལ་དེ་

D8.023.0128a07.01